R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༢༨
[A:༡༢༨]བརྒྱད་ཅེས་སོགས་ཡོད་པ་ལས། གཙང་ནག་པ་བརྩོན་འགྲུས་སེང་གེ། དན་འབག་པ་སྨྲ་བའི་སེང་གེ། བྲུ?གྲུ་ཤ་བསོད་ནམས་སེང་གེ། རྨ་བྱ་རྩོད་པའི་སེང་གེ། རྩེགས་པ་དབང་ཕྱུག་སེང་གེ། མྱང་ཕྲན་པ་ཆོས་ཀྱི་སེང་གེ། ལྡན་མ་དཀོན་མཆོག་སེང་གེ། གཉལ་པ་ཡོན་ཏན་སེང་གེ་ལྟེ་སེང་གེ་ཆེན་པོ་བརྒྱད། ཁ་ཅིག་གཙང་པ་འཇམ་སེང་འདྲེན་ཟེར། འཁོན་ཇོ་སྲས་རྩེ་མོ། རྔོག་ཇོ་སྲས་ར་མོ། ཁུ་ཇོ་སྲས་ནེ་ཙོ?རྩོ། གཉོས་ཇོ་སྲས་དཔལ་ཏེ་ཇོ་སྲས་བཞིའོ། འགར་དབང་གྲུབ། རྐོང་པ་འཇག་ཆུང་། ལྷོ་པ་སྒོག་ཟན། སྤར་ཕུ་བ་བཞི་ལ་ཤེས་ཅན་བཞི་ཟེར། དེ་ལྟར་ཆ་པའི་སེང་ཆེན་བརྒྱད་དང་། གཉལ་ཞིག་བུ་དགུ་སོགས་ཀྱིས་གཙོ་བོར་མདོ་ཕྱོགས་ཀྱི་བསྟན་པ་ལ་ཕན་པ་ཆེ་བར་མཛད་འདུག་གོ། དེ་དག་གིས་ནི་བསྟན་པ་ཕྱི་དར་སུམ་སྟོང་བརྒྱ་དང་གསུམ་ལོན་པ་ལ་ལོ་ཆེན་རིན་བཟང་བྱོན་པ་ནས། སུམ་སྟོང་བརྒྱ་པའི་སྐབས་ཅུང་ཟད་བཤད་ཟིན་ནས། གཉིས་པ་སུམ་སྟོང་ཉིས་བརྒྱ་པའི་སྐབས་སུ་བྱོན་པའི་མཁས་གྲུབ་དམ་པ་ནི། དཔལ་ས་སྐྱ་པ་ཆེན་པོ་ཡབ་སྲས་རྣམས་དང་། དྭགས་པོ་བཀའ་བརྒྱུད་ཡབ་སྲས་རྣམས་དང་། བཀའ་གདམས་སྐུ་མཆེད་གསུམ་གྱི་ཐུགས་སྲས་རྣམས་ཏེ། དེ་ཡང་སུམ་སྟོང་ཉིས་བརྒྱ་དང་ཉེར་བཞི་འདས་པའི་ཉེར་ལྔ་པ་ཆུ་ཕོ་སྤྲེལ་
སྤྱི་ལོ་༡༠༩༢
ལོ་དཔལ་ས་སྐྱ་པ་ཆེན་པོ་བལྟམས་ལོ་འདི། ཕྱི་དར་ས་མོ་བྱ་ནས་བརྒྱ་དང་ཞེ་བཞི་པ་ཡིན་ལ། ཇོ་བོ་བྱོན་པའི་ཤིང་རྟ་ནས་སོ་དགུ་པ་ཡིན་ཞིང་། རྔོག་ལོ་བྱོན་པའི་མེ་བྱ་ནས་སོ་དྲུག་པ་ཡིན་པས། འདིའི་བཅུ་དྲུག་པ་མེ་མོ་ཕག་ལ་རྔོག་ལོ་བསྟན་པའི་ཉི་མ་སྐུ་