R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༥༢
[A:༡༥༢] ལོང་བུ་བ་བསོད་ནམས་རིན་ཆེན། སླང་ར་བ་ཀུན་དགའ་རྒྱལ་མཚན་དེ་སྦས་པའི་རྣལ་འབྱོར་པ་ཆེན་པོ་བཞི། མཁས་བཙུན་ཆེན་པོ་བཞི་ནི། བོ་དོན་པ་རིན་ཆེན་བརྩོན་འགྲུས་རྡོ་རྗེ། གཙང་ནགས་ཕུག་པ་འཇམ་དབྱངས་ཤེས་རབ་འོད་ཟེར། དགེ་བའི་བཤེས་གཉེན་བཟོད་པ་རིང་མོ། ཏེ་ར་པ་བྱམས་པ་མགོན་པོ་དང་བཞིའོ། བོ་དོང་རིན་པོ་ཆེ་ནི་ལྕགས་ཕོ་སྤྲེལ་ལོ་པ་སྟེ། ས་པན་ལས་ལོ་བཅོ་བརྒྱད་ཀྱིས་གཞོན། གཙང་ནགས་ཕུག་ཏུ་མཁས་པ་ཡོངས་སུ་གྲགས་པ་གསུམ་བྱོན་པའི། གཙང་ནགས་བརྩོན་འགྲུས་སེང་གེ་ནི། ཆ་པའི་སེང་ཆེན་གཅིག་ཡིན་ལ། གཙང་ནགས་ཕུག་པ་ཐུགས་རྗེ་སེང་གེ་ནི། ཇོ་ནང་ཀུན་སྤངས་ཞང་གི་སློབ་མ་སྟེ་བར་དོ་འཕྲང་སྒྲོལ་མཛད་པ་པོ་དེ་ཡིན། འཇམ་དབྱངས་ཤེས་རབ་འོད་ཟེར་ནི། ཐོག་མར་ས་པན་ལ་དགག་པ་མཛད་པས་འཇམ་དབྱངས་མི་དགེས་པའི་རྣམ་པ་བསྟན། བཤགས་པ་བྱས་ཏེ་ཆོས་རྗེ་ཁུ་དབོན་གྱི་ཐུགས་སྲས་སུ་གྱུར་པའོ། སུམ་སྟོང་སུམ་བརྒྱ་དང་བཅུ་དྲུག་འདས་པའི་ཤིང་ཕོ་འབྲུག་
སྤྱི་ལོ་༡༡༨༤
ལ་ཟངས་ཚ་བསོད་ནམས་རྒྱལ་མཚན་སྐུ་འབུམ་རྣམ་རྒྱལ་དུ་བྱོན། དགུང་ལོ་ང་དྲུག་པ་ས་མོ་ཕག་རྒྱལ་ཟླའི་ཉེར་གཉིས་ལ་མདོག་རོས་ཀྱི་སག་རིར་གཤེགས། འཕགས་པ་དང་འགྲོ་མགོན་ཕྱག་ན་གཉིས་[སློབ་དཔོན་རིན་ཆེན་རྒྱལ་མཚན] སློབ་དཔོན་ཡེ་ཤེས་འབྱུང་གནས་གཉིས་ལ་རེ་ཞིག་ཟངས་ཚའི་སྲས་བཞི་ཟེར། ཕྱི་མ་གཉིས་ས་ཕོ་ཁྱི་ལོ་པ་དགུང་མཉམ་ཡིན་ནོ།
སུམ་སྟོང་སུམ་བརྒྱ་དང་ཉེར་གཅིག་འདས་པའི་ཉེར་གཉིས་པ་ས་མོ་བྱ་