R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༥༣
[A:༡༥༣]
སྤྱི་ལོ་༡༡༨༩
ལ་རྒོད་གཙང་པ་མགོན་པོ་རྡོ་རྗེ་བལྟམས། ལོ་བཅུ་དགུ་པ་ལ་རབ་ཏུ་བྱུང་། གཙང་པ་རྒྱ་རས་ཀྱི་ཞབས་ཟུང་ཟླ་བ་གསུམ་བསྟེན། ཀོང་པོ་ནས་ཛ་ལན་དྷ་རའི་བར་གྱི་གནས་རྣམས་སུ་སྒྲུབ་པ་གཞན་དོན་ཁོ་ན་མཛད། བདུན་ཅུ་བཞེས་པ་རྟ་ལོ་ཟླ་བ་ལྔ་པའི་ཚེས་གསུམ་ལ་གཤེགས།
སློབ་མའི་མཆོག་རང་ལས་ལྷག་པ་གཅིག། རང་དང་མཉམ་པ་བརྒྱད་སོགས་བྱོན་པ་ལས། རང་ལས་ལྷག་པ་ནི་ཡང་དགོན་པ་ཡིན་ལ་མཉམ་པ་བརྒྱད་ནི་རྟེན་འབྲེལ་རང་དང་མཉམ་པ་ནེ་རིངས་པ། སྒྲུབ་ཚུགས་རང་དང་མཉམ་པ་པུ་ཏྲི་རི་ཁྲོད་གླིང་པ། མོས་གུས་རང་དང་མཉམ་པ་སྤྱིལ་དཀར་བ། སྙིང་རྗེ་རང་དང་མཉམ་པ་མ་བདུན་པ། ཞེན་ལོག་རང་དང་མཉམ་པ་གངས་ཤཱཀྱ་བཤེས་གཉེན། དག་སྣང་རང་དང་མཉམ་པ་ནམ་མཁའ་རྡོ་རྗེ། དཀའ་སྤྱད་རང་དང་མཉམ་པ་གཡའ་མདོ་རིངས་ཀྱི་ཤཱཀྱ་རས་པ། བརྟུལ་ཞུགས་རང་དང་མཉམ་པ་གྲུབ་ཆེན་ཨུ་རྒྱན་པ་དང་བརྒྱད་དོ། དེས་ན་རྒོད་ཚང་པ་བྱོན་པའི་ས་མོ་བྱ་ནས་སུམ་བརྒྱ་དང་དོན་དྲུག་ཡིན་ལ་འདི་ས་པན་ལས་ལོ་བདུན་གྱིས་གཞོན། སུམ་སྟོང་སུམ་བརྒྱ་དང་སོ་ལྔ་འདས་པའི་སོ་དྲུག་ཆུ་མོ་ཕག་
སྤྱི་ལོ་༡༢༠༣
ལ་རོང་པ་སྒ་ལོ་བྱོན། ཁམས་པ་སྒ་ལོའི་སྐྱེ་བར་བཟུང་ནས་སྒ་ལོ་ཟེར། ཁམས་པ་སྒ་ལོ་འདི་ས་ཆེན་དང་ཕར་སློབ་ཚུར་སློབ་ཡིན། དཔྱལ་ལོའི་དྲུང་དུ་རྒྱ་ཡིག་སོགས་ལ་སྦྱངས། བརྒྱད་ཅུ་པ་ལ་གཤེགས་སོ།
འདིའི་སློབ་མ་ནི། འཕགས་པ་རིན་པོ་ཆེ། ཁྲོ་ཕུ་རིན་པོ་ཆེ། ལྷོ་པ་གྲུབ་སེང་། ཐང་སྟོན་ལོ་ཙཱ་གྲགས་རྒྱལ། སྨན?མན་ལུང་པ་ཆེན་པོའོ། སུམ་སྟོང་སུམ་བརྒྱ་སོ་དྲུག་འདས་པའི་སོ་བདུན་པ་ཤིང་ཕོ་བྱི་ལོ་
སྤྱི་ལོ་