[A:༡༦༥] གསང་སྡེ་[སྟོན] ཡར་ལུང་པ་བྱང་ཆུབ་རྒྱལ་མཚན་སོགས་ལས་བསྙེན་པར་རྫོགས། སླར་སོ་གཅིག་པ་ཤིང་མོ་གླང་ལ་དཔལ་ལྡན་ས་སྐྱར་ཕེབས།
དེའི་ཚེ་བོད་དབུས་གཙང་གི་དགེ་བའི་བཤེས་གཉེན་ཆེ་རྒུ་ཐམས་ཅད་ཀྱིས་མདོ་ཁམས་སུ་བསུ་བ་སེར་སྦྲེང་ལ་ཕེབས། ཤོང་རྡོ་རྗེ་རྒྱལ་མཚན་གྱིས་བསྟོད་པ་སྤེལ་ལེགས་ཀྱི་སྙན་ངག་ཕུལ། འབེལ་བའི་གཏམ་གྱིས་བཀའ་མཆིད་མཆོག་ཏུ་སྩལ། དེ་དག་ཀུན་གྱི་ནང་ནས་ལ་སྟོད་པ་གངས་ཤཱཀྱ་བཤེས་གཉེན་དང་། དབུས་ཀྱི་འབྲེའུ་རིན་པོ་ཆེ་གཉིས་ལ་མཆོག་ཏུ་དགྱེས་པ་ཐོབ་ཅེས་ཀྱང་ཟེར། དབུས་གཙང་ཁམས་གསུམ་ཆོས་དང་ཟང་ཟིང་གིས་འབྱོར་པས་བདེ་བ་ལ་བཀོད།
སླར་སོ་གསུམ་པ་ལ་གོང་མས་སྤྱན་འདྲེན་གྱི་གསེར་ཡིག་པ་སླེབས་པས་ཤར་ལ་ཕེབས། དེའི་ཚེ་གསོལ་གཟིམ་མཆོད་གསུམ། འཇལ་ཡིག་མཛོད་གསུམ། ཐབ་འདྲེན་གདན་གསུམ། རྟ་སྐྱ་གཉིས། མཛོ་ཁྱི་གཉིས་ཏེ་ལས་ཚན་བཅུ་གསུམ་གྱི་བཀོད་པ་གནང་།
བཅོམ་རལ་གྱིས། སངས་རྒྱས་བསྟན་པ་བཀའ་ཕྱག་སྤྲིན་གྱིས་བསྒྲིབ། ཅེས་སོགས་ཀྱི་ཟུར་ཟའི་ཞུ་མཆིད་ཕུལ། བསྟན་པ་འཕེལ་འགྲིབ་འབྱུང་བ་རྒྱལ་བས་གསུངས༎ ཞེས་སོགས་ཀྱི་བཀའ་མཆིད་སྩལ།
སོ་བཞི་པ་ས་ཕོ་འབྲུག་ལ་དཔོན་ཆེན་ཤཱཀྱ་བཟང་པོས་ཁྲི་སྐོར་བཅུ་གསུམ་བསྐུལ་ཏེ་ལྷ་ཁང་ཆེན་མོའི་གཞི་བཏིང་། རྒྱལ་པོའི་ཕོ་བྲང་དུ་ཕེབས། དབང་ཡོན་དུ་རྒྱའི་ཡུར་མ་ཆོད། བོད་ཆོལ་ཁ་གསུམ་ཕུལ།
ཆོལ་ཁ་གསུམ་ནི། དབུས་གཙང་ཆོས་ཀྱི་ཆོལ་ཁ། མདོ་སྟོད་གོན་གྱོ་མིའི་ཆོལ་ཁ།མདོ་སྨད་གླིང་ཁ་རྟའི་ཆོལ་ཁ་ཟེར། འགའ་ཞིག། མང་ཡུལ་