[A:༡༦༧] ཆ་གན་དབང་ཕྱུག་མཚན་དང་དྲུག་གོ།
དེ་དག་ལས་འགྲོ་མགོན་ཕྱག་ན་ས་མོ་ཕག་
སྤྱི་ལོ་༡༢༣༩
ལ་མདོག་གད་ལེར་བྱོན། ལོ་དྲུག་པ་ལ་གོང་ལ་བྱོན། བརྟུལ་ཞུགས་ཀྱི་སྤྱོད་པ་མཐར་ཕྱིན། ཉེར་ལྔ་པ་ལ་བོད་དུ་ཕེབས། ཉེར་དགུ་པ་ཡོས་ལོ་ཟླ་བ་བདུན་པའི་ཚེས་གཉིས་ལ་དགུ་རུམ་དུ་གཤེགས་སོ། འདི་འཕགས་པ་ལས་ལོ་བཞིས་གཞོན།
སུམ་སྟོང་སུམ་བརྒྱ་དོན་གཉིས་འདས་པའི་དོན་གསུམ་པ་ལྕགས་ཕོ་ཁྱི་(བྱི)སྤྱི་ལོ་༡༢༥༠
ལོ་ཞང་དཀོན་མཆོག་དཔལ་ར་ས་མཚལ་གུང་དུ་བྱོན། ཤར་པ་ཤེར་འབྱུང་ལ་རབ་ཏུ་བྱུང་། བྲག་སྲམ་དུ་བོ་དོང་རིན་ཆེན་བརྩོན་འགྲུས་རྡོ་རྗེ་ལ་ཕར་ཚད་སོགས་སྦྱངས། ཚོགས་སྒོམ་པ་དང་ར་ཉིས་པ་ཆེན་པོ་སོགས་ཀྱང་བསྟེན། ར་མ་ལ་དགེ་སློང་ཀུན་བློ་དང་། གཉིས་འཕགས་པ་རིན་པོ་ཆེ་བསུ་བ་ལ་བྱོན། རང་ལོ་སོ་ལྔ་པ་ཤིང་བྱིའི་ལོ་འཕགས་པ་དང་མདོ་ཁམས་གཙོ་མདོར་མཇལ། ལོ་རེ་བརྒྱད་བཞུགས།
སུམ་སྟོང་སུམ་བརྒྱ་དང་དོན་འདུན་འདས་པའི་དོན་བརྒྱད་པ་ཤིང་མོ་སྦྲུལ་སྤྱི་ལོ་༡༢༤༥
ལ་ཏི་ཤྲི་གྲགས་འོད་སྟག་སྡེ་ར་ལུང་དུ་བྱོན། ཏི་ཤྲི་ལོ་བཅུ་གཉིས་མཛད། འཕགས་པ་ལས་ལོ་ལྔས་གཞོན། ལོ་ང་བརྒྱད་བཞུགས་དེས་ན་ད་ལྟའི་ཤིང་བྱི་འདི་འཕགས་པ་རིན་པོ་ཆེ་བྱོན་ནས་སུམ་བརྒྱ་དང་ཉེར་གཉིས་འདས་པའི་ཉེར་བཞི་པ་ལགས་སོ།
མདོར་ན་འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེས་བཅུ་དགུ་བཞེས་པ་ཆུ་མོ་གླང་ལ་ཧོར་སེ་ཆེན་རྒྱལ་པོའི་ཏི་ཤྲི་ཐོབ་པ་ནས། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་ཀྱིས་རང་ལོ་རེ་ལྔ་པ་ཆུ་མོ་སྦྲུལ་ལ་རྒྱ་ནག་ཏཱ་མིང་རྒྱལ་ཆེན་གྱི་