R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༦༨
[A:༡༦༨] ཏི་ཤྲི་ཐོབ་པའི་བར་ལོ་གྲངས་བརྒྱ་དང་དྲུག་ཅུ་རེ་གཅིག་གི་བར་དུ་དཔལ་ས་སྐྱ་པའི་གདུང་རྒྱུད་རིམ་པས། རྒྱ་ཧོར་གྱི་རྒྱལ་པོའི་ཏི་ཤྲི་ཐོབ་པ་རིམ་ཅན་དུ་བྱུང་བ་ཁོ་ན་ཡིན་ལ་དེ་ཡང་དཔལ་ལྡན་ས་སྐྱ་པནྜི་ཏས་རྒྱལ་པོ་གོ་དན་གྱི་སྤྱི་བོར་དབང་གི་ཅོད་པན་བཅིངས་པའི་བཀའ་དྲིན་ཡིན་མོད། ཏི་ཤྲིའི་མཚན་ནི་མ་གསོལ་ཏེ་དེའི་ཚེ་རྒྱལ་པོ་གོ་དན་རྒྱལ་སྲིད་ཀྱི་ཁུར་བོར་ནས། རང་གི་དབོན་པོ་སེ་ཆེན་རྒྱལ་པོ་རྒྱལ་སར་བཏོན་ཟིན་པ་ཉིད་ཀྱིས་སོ། དེ་ལྟར་ན་ཆོས་རྗེ་ཁུ་དབོན་གཉིས་ཀྱི་བཀའ་དྲིན་ལས་བོད་ཁམས་ཐམས་ཅད་དམག་ཁྲལ་ལས་གསུམ་ལས་བཏོན་ཏེ། ལོ་གྲངས་བརྒྱ་ལྷག་ཙམ་ཞིག་གི་བར་དུ་རྒྱལ་སྲིད་ཆོས་བཞིན་དུ་བདེ་བར་བསྐྱངས་པ་ནི། གང་ལ་གང་འདུལ་གྱི་དབང་གིས་སྐལ་ལྡན་གྱི་གདུལ་བྱ་ལ་བདེ་བའི་ངལ་གསོ་ཆེན་པོ་ཐོབ་པ་ཡིན་ནོ། དེབ་སྔོན་ལས། དཔལ་ལྡན་ས་སྐྱ་པས་ལོ་གྲངས་བདུན་ཅུ་རྩ་ལྔའི་བར་དུ་ཁྲི་སྐོར་བཅུ་གསུམ་བདག་མཛད་ནས་ས་མོ་གླང་ནས་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཁྲི་སྐོར་བཅུ་གསུམ་བདག་མཛད་པ་ཡིན་ནོ་ཞེས་བཤད་ལ། དེ་ལ་ངེས་པའི་གཏན་ཚིགས་ཡོད་ན་ས་མོ་གླང་དེ་འཕགས་པ་རིན་པོ་ཆེ་ཏི་ཤྲི་མཛད་པའི་ཆུ་མོ་གླང་ནས་གོ་དྲུག་འདས་པའི་གོ་བདུན་པ་ཐེག་ཆེན་ཆོས་རྗེ་བལྟམས་པའི་ལོ་དེ་ཡིན་པར་གདོན་མི་ཟ་མོད། ཇི་ལྟར་བདེན་ཁོ་བོས་ད་དུང་དཔྱད་པར་བྱའོ། སུམ་སྟོང་སུམ་བརྒྱ་དང་གོ་བཞི་འདས་པའི་གོ་ལྔ་པ་ཆུ་ཕོ་ཁྱི་
སྤྱི་ལོ་༡༢༦༢
ལོ་བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ་བལྟམས། མང་མཁར་ཁབ་སྨད་དུ་ཡབ་སློབ་དཔོན་ཡེ་འབྱུང་ཉེར་ལྔའི་སྲས་ཡིན། བཅུ་དྲུག་པ་