R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༧༡
[A:༡༧༡]བ་དོན་ལྡན། ཆོས་གྲགས་རྒྱ་མཚོ། མི་བསྐྱོཨེད་རྡོ་རྗེ་སྟེ། ཀརྨ་པཀ་ཤི་ནས་མི་བསྐྱོད་རྡོ་རྗེའི་བར་བདུན་བྱོན་ཟིན་པ་ལ། དུས་གསུམ་མཁྱེན་པ་ནི། སྐལ་བཟང་གི་སངས་རྒྱས་སྟོང་གི་དྲུག་པ་སེང་གེའི་རྣམ་འཕྲུལ་ཡིན་པར་བཤད་ལ། ཀརྨ་པཀ་ཤི་ནི། ས་ར་ཧ་པའི་རྣམ་འཕྲུལ་དུ་བཤད་ཀྱི། དུས་གསུམ་མཁྱེན་པའི་སྐུ་སྐྱེ་ཡིན་ཞེས་ཀྱང་མ་བཤད་པས། ཀརྨ་ཞྭ་ནག་པ་ཞེས་གྲགས་པའི་ཐོག་མ་ནི་ཀརྨ་པཀ་ཤི་ནས་ངོས་འཛིན་དགོས་པར་སེམས་ལ་འོན་ཀྱང་ཀརྨ་པ་ཞེས་པའི་མཚན་འདོགས་པ་ནི་དུས་གསུམ་མཁྱེན་པས། སྨད་དུ་ཀམ་པོ་གནས་ནང་། བར་དུ་ཀརྨ་ལྷ་སྟེང་། སྟོད་དུ་མཚུར་ཕུའི་དགོན་པ་བཏབ་ནས་ཀརྨ་པ་ཞེས་མཚན་འདོགས་པར་གསལ་བས། དུས་གསུམ་མཁྱེན་པ་ལ་ཀརྨ་པ་ཞེས་པའི་སྒྲ་བཤད་དུ་ཡོད་པ་ཙམ་ཞིག་ཡིན་ནོ་སྙམ་དུ་ཁོ་བོས་སེམས་སོ། དེ་ལྟ་བུའི་ཀརྨ་པཀ་ཤིའི་སློབ་མ་ནི། རྗེ་ཨུ་རྒྱན་པ། ཀརྨ་ཞྭ་དམར་ཅན། ཞྭ་སེར་ཅན། ཞྭ་ཁྲ་ཅན་ལ་སོགས་པའོ། སྤྲུལ་སྐུ་ཞྭ་དམར་བ་ཚུལ་ཁྲིམས་དཔལ་ནི་མེ་ཕོ་བྱི་ལོར་བལྟམས། ཏིལ་ལོ་པའི་སློབ་མ་ཁོལ་པོ་དགའ་ཞེས་པའི་སྐུ་སྐྱེ་ཡིན་ཟེར་རོ། ས་བཅད་བཞི་པ་སུམ་སྟོང་བཞི་བརྒྱ་པའི་སྐབས་སུ་བྱོན་པ་ནི། བདག་ཉིད་ཆེན་པོ་དྷརྨ་པཱ་ལ། དཔང་ལོ། ན་བཟའ་བྲག་ཕུག་པ། བུ་དོལ་ལ་སོགས་པའི་མཁས་པ་རྣམས་ཏེ། དེ་ཡང་སུམ་སྟོང་བཞི་བརྒྱ་འདས་ནས་ཉག་མ་གཅིག་གི་སྟེང་དུ་སླེབ་པ་ས་ཕོ་འབྲུག་
སྤྱི་ལོ་༡༢༦༨
ལོར། འགྲོ་མགོན་ཕྱག་ནའི་སྲས་དྷརྨ་པཱ་ལ་བལྟམས། བཅུ་གསུམ་པ་ལ་ས་སྐྱའི་གདན་ས་མཛད། དེའི་ལོར་འཕགས་པ་ཞི་བར་གཤེགས། ནང་རྟེན་ལྷ་ཆེན་དཔལ་འབར་དང་།