[A:༡༧༠]
དེའི་གཅུང་ཏི་ཤྲི་ཀུན་དགའ་རྒྱལ་མཚན་ཡབ་ཞེ་དགུ་པ་ལྕགས་ཕྱོ་ཁྱི་ལོར་བྱོན།
སའི་ལེན་དབང་ཀུན་དགའ་ལེགས་པ་ལྕམ་སྲིང་ལ་དུས་མཆོད་བླ་བྲང་པ་ཟེར། འདི་ཏི་ཤྲི་ཀུན་དགའ་ལེགས་དང་དགུང་མཉམ་ཡིན་ནོ།
ཏ་དབོན་ཀུན་དགའ་ཉི་མ་སྐུ་མཆེད་གསུམ་ལ་རིན་ཆེན་སྒང་བླ་བྲང་[པ] ཟེར་ཏེ། ཏ་དབོན་ཀུན་ཉིའི་གཅུང་འཇམ་དབྱངས་དོན་ཡོད་རྒྱལ་མཚན་ཏི་ཤྲི་ཀུན་རྒྱལ་དང་དགུང་མཉམ་ཡིན། སོ་བཞི་པ་ཟླ་བ་ལྔ་པའི་ཚེས་བཅུ་གཅིག་ལ་གཤེགས་སོ།
གཅུང་ཆོས་རྗེ་བླ་མ་ཡབ་ང་གཅིག་པ་ཆུ་ཕོ་བྱི་ལོར་བྱོན། རེ་བཞི་པ། ཉེར་ལྔ་ལ་གཤེགས་སོ། དེས་ན་ད་ལྟའི་ཤིང་བྱི་འདི་བདག་ཉིད་ཆེན་པོ་བྱོན་པའི་ཁྱི་ལོ་ནས་སུམ་བརྒྱ་དང་གསུམ་དུ་སླེབ་པ་ལགས་སོ།
མཉམ་མེད་གྲགས་རྒྱལ་འདི་བས་ལོ་གཅིག་གིས་གཞོན་ལོ་གྱ་ལྔ་བཞུགས་ཟེར།
ཁ་ཆེ་པན་ཆེན་བོད་དུ་བྱོན་པའི་ཤིང་ཕོ་བྱི་
སྤྱི་ལོ་༡༢༠༤
ལོར་ཀརྨ་པཀ་ཤི་བྱོན། ས་པན་ལས་ལོ་ཉེར་གཉིས་ཀྱིས་གཞོན། དུས་གསུམ་མཁྱེན་པའི་སློབ་མ་པོམ་བྲག་པའི་ཞབས་ལ་གཏུགས། ཧོར་རྒྱལ་པོས་ཀྱང་སྤྱན་དྲངས། མེས་བསྲེགས། ཆུ་ལ་བསྐྱུར། མཚོན་གྱིས་བཏབ་ཀྱང་གནོད་པ་མ་བྱུང་བས་ཞབས་ཏོག་བྱས་ཟེར། བརྒྱད་ཅུ་པ་ལུག་ལོ་ཟླ་བ་གསུམ་པའི་ཚེས་གསུམ་ལ་གཤེགས་སོ།
འདི་ནི་ས་ར་ཧའི་སྤྲུལ་པ་ཡིན་ལ། འདི་སྐུ་སྐྱེ་བརྒྱུད་སྤེལ་དུ་བྱོན་པ་ནི། ཀརྨ་རང་བྱུང་རྡོ་རྗེ། རོལ་པའི་རྡོ་རྗེ། དེ་བཞིན་གཤེགས་པ། མཐོང་