[A:༡༨༧] མཁན་ཆེན་བསོད་ནམས་བཟང་པོ། དཔལ་ལྡན་སེང་གེ་སོགས་ལས་མདོ་རྒྱུད་ཀྱི་ཟབ་དོན་བླངས། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པའི་རིང་ལུགས་ལེགས་པར་བཟུང་། དབུས་གཙང་གཉིས་སུ་འདུས་པ་ཆེན་པོ་རྣམ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར། རྗེ་བཙུན་གོང་མའི་བཀའ་བསྡུ་བ་མཛད་དེ། བསྟན་པ་རིན་པོ་ཆེ་གསལ་བར་མཛད་དོ།
དེ་ཡང་རེ་གཅིག་པ་བྱི་ལོར་བོ་དོང་ཨེའི་ཆོས་གྲར། བོ་དོང་ཨེར་གཙང་ཕྱོགས་ཀྱི་དགེ་འདུན་སྟོང་ཕྲག་བཞི་བཅུ་དང་རེ་གཉིས་པ་གླང་ལོར་བསམ་ཡས་སུ་དབུས་ཕྱོགས་ཀྱི་དགེ་འདུན་སྟོང་ཉི་ཤུ་ལ། གསེར་དངུལ་ཞོ་དར་ལ་སོགས་པའི་ཞོ་འགྱེད་དང་། འབེལ་བའི་གཏམ་གྱིས་དགའ་བ་བསྐྱེད། སྙེ་ཐང་དུ་དུས་ཀྱི་འཁོར་ལོ་འཆད་པ་ན་དཔེ་འགྲེམས་དོན་གཉེར་ལྡན་པ་ལྔ་བརྒྱ་ལྷག་ཅིག་འདུས། བསྟན་འགྲོའི་བྱ་བ་རྒྱ་ཆེར་མཛད་དེ། སྟོད་ལུང་པ་ཤེས་རབ་རྡོ་རྗེས་འཇམ་དབྱངས་གཟི་འོད་འབར་བར་མཐོང་བ་སོགས་དག་པའི་སྣང་བ་བསྟན། འདི་ཉིད་ཀྱི་བཀའ་འབུམ་ལ་ཡང་པོ་ཏི་ཉི་ཤུ་རྩ་ལྔ་བཞུགས། དགུང་ལོ་རེ་བཞི་པ་ཤིང་མོ་ཡོས་ཀྱི་ལོ་ཟླ་བ་དྲུག་པའི་ཉི་ཤུ་ལྔའི་ཉིན་དག་པའི་ཞིང་དུ་གཤེགས་སོ།
སློབ་མའི་མཆོག་ནི། སྔགས་ཀྱི་རྒྱལ་ཚབ་ཆེན་པོ་གཉིས། གསུང་ངག་འཛིན་པའི་ཐུགས་སྲས་བརྒྱད། བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་བཞི། ཡོངས་གྲགས་ཀྱི་མཁས་པ་ཆེན་པོ་བཅུ་གཅིག་གོ།
དང་པོ་ནི། སྣར་ཐང་པ་ཤེར་སྣང་བ་དང་། ཡར་ལུང་པ་སེང་གེ་རྒྱལ་མཚན་གཉིས་སོ།
གཉིས་པ་ནི། སྔགས་འཆང་གཟུངས་པ། དཔལ་ལྡན་ཚུལ་ཁྲིམས། བླ་