[A:༡༨༩]སྒང་པ་སྒྲ་པ་ཤེས་རིན་སོགས་ལས་རྒྱུད་པ་ཡིན་ལ། བརྒྱད་པ་ནི་སྤྱན་སྔ་པ་ནས་རྗེ་ཙོང་ཁ་པ་སོགས་པའོ།
བསྟན་འཛིན་སྐྱེས་བུ་བཞི་ནི། བུ་དོལ་རྒྱལ་སྲས་པ་མཁན་ཆེན་གཡག་པ་དང་བཞིའོ།
ཡོངས་གྲགས་ཀྱི་མཁས་པ་བཅུ་གཅིག་ནི། མ་ཏི་པན་ཆེན། རེད་མདའ་པ་གཞོན་ནུ་བློ་གྲོས། ནེ་རིངས་པ་འཇམ་དཔལ་རྡོ་རྗེ། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས། གཉག་ཕུ་བ་བསོད་ནམས་བཟང་པོ། རྟོག་གེ་པ་དཀར་པོ་དཔལ་ལྡན་བཟང་པོ། གྲུབ་ཆེན་བུདྡྷ་ཤྲཱི། ཀརྨ་རོལ་པའི་རྡོ་རྗེ། སྤོས་ཁང་པ་རིན་ཆེན་རྒྱན། ལྷ་བཙུན་བསམ་ཡས་པ། ཤར་ཙོང་ཁ་པ་བློ་བཟང་གྲགས་པ་རྣམས་སོ།
སུམ་སྟོང་བཞི་བརྒྱ་དོན་གཉིས་འདས་པའི་དོན་གསུམ་པ་ལྕགས་ཕོ་འབྲུག་
སྤྱི་ལོ་༡༣༤༠
ལ་ཀརྨ་རོལ་པའི་རྡོ་རྗེ་ཀོང་ཡུལ་དུ་བྱོན། ཆོས་རྗེ་བླ་མ་ལས་ཉེར་བརྒྱད་ཀྱིས་གཞོན། ལོ་གསུམ་པའི་ཚེ། ང་ཀརྨ་པཀ་ཤིའི་སྐྱེ་བ་ཡིན་འཇམ་གླིང་འདིར་ངའི་གདུལ་བྱ་མང་དུ་ཡོད་གསུངས། མཁན་ཆེན་དོན་གྲུབ་དཔལ་དང་གདན་གཅིག་པ་བསོད་ནམས་འབུམ་ལས་རིམ་གྱིས་རབ་བྱུང་བསྙེན་རྫོགས་མཛད། མཚན་ཆོས་ཀྱི་གྲགས་པར་གསོལ། རོལ་པའི་རྡོ་རྗེ་ནི། རང་བྱུང་རྡོ་རྗེའི་གསང་མཚན་ཡིན་ཟེར། ཉེར་གཅིག་པ་ལ་ཧོར་གྱིས་གདན་དྲངས་ཏེ། ཐེ་མུར་གྱི་བླ་མ་མཛད་ཟེར། བླ་ཆེན་བསོད་བློས་ཏི་ཤྲི་མཛད་པའི་སྐབས་ཙམ་ཡིན་པར་སེམས། དགུང་ལོ་ཞེ་བཞི་པ་ཆུ་ཕག་གི་ཟླ་བ་བདུན་པའི་ཚེས་བཅོ་ལྔའི་ཐོ་རེངས་གཤེགས་སོ།
gNyag Phu Pa bSod Nams bZangs Po
སུམ་སྟོང་བཞི་བརྒྱ་དང་དོན་གསུམ་འདས་པའི་དོན་བཞི་པ་ལྕགས་མོ་