R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༩༠
[A:༡༩༠]སྦྲུལ་
སྤྱི་ལོ་༡༣༤༡
ལ་གཉག་ཕུ་པ་བསོད་ནམས་བཟང་པོགཙང་གསུམ་མདོར་བྱོན། འདི་ཆོས་རྗེ་བླ་མ་ལས་ལོ་ཉེར་དགུ་དང་། ཀརྨ་རོལ་པའི་རྡོ་རྗེ་ལས་ལོ་གཅིག་གིས་གཞོན། ཐེག་ཆེན་པ་ལས་བརྒྱད་ཀྱིས་བགྲེས་སོ། ལོ་ལྔ་པ་ལ་གཉག་ཆེན་བསོད་ནམས་དབང་ཕྱུག་ལ་དགེ་བསྙེན་ཞུས། བཅུ་གཅིག་པ་ལ་མཁན་པོ་དོན་གྲུབ་དཔལ་ལྡན་ལས་དགེ་ཚུལ་ནོད། ཁྱི་ལོར་མཁན་པོ་ཡོན་ཏན་རྒྱ་མཚོ་དང་། ལས་སློབ་དཔལ་ལྡན་བརྩོན་འགྲུས་ལས་བསྙེན་རྫོགས། དཔལ་ལྡན་ས་སྐྱར་ཉ་དབོན་ཀུན་དགའ་དཔལ་ལ་ཚད་མ་གསན། དེ་ཉིད་ཀྱིས་སློབ་བུ་བཞི་བརྒྱའི་ནང་ནས་མཆོག་ཏུ་མཛད། དེའི་དུས་ན་དཔལ་ལྡན་ས་སྐྱ་ན་མཁས་པ་ཉ་བརྩོན་གཉིས་གྲགས་ཆེ་ཞིང་། མདོ་ཕྱོགས་ཀྱིས་འཆད་ཉན་རྐང་ཚུགས་སུ་གནང་བ་ལས། ཉ་དབོན་ནི་དོལ་བུའི་སློབ་མའི་མཆོག་དང་། བརྩོན་འགྲུས་དཔལ་ནི་བུ་སྟོན་གྱི་སློབ་མའི་མཆོག་ཡིན། དེའི་ཚེ་གཉག་ཕུ་བ་འདིས་མཁན་ཆེན་བརྩོན་འགྲུས་དཔལ་ཡང་རིགས་པས་བཅོམ་སྟེ་སྟོན་པ་བཟང་བའི་གྲགས་པ་ཐོབ་ཅེས་ཀྱང་ཟེར་རོ། རྗེ་འདི་ཉིད་གཡག་ཕྲུག་སངས་རྒྱས་དཔལ་དང་། ཀརྨ་དཀོན་མཆོག་གཞོན་ནུ་དང་མཁས་པ་སངས་རྒྱས་འཕེལ་དང་གཞན་གཉིས་དང་བཅས་པའི་དཔལ་ལྡན་ས་སྐྱའི་མཁས་པ་དྲུག་གིས་དབུས་གཙང་ལ་གྲ་སྐོར་ལ་ཕེབས་པ་ན། ཉ་བརྩོན་གཉིས་ཀྱིས་ཐོག་དྲངས་རྒྱ་མཚོ་དཔོན་རྣམས་ཀྱིས། ས་སྐྱ་མདུན་གྱི་ཞིང་བྱ་ཁྲ་མའི་ཁར་སྐྱེལ་ཐུང་མཛད། མཁས་པ་ཁྱོད་དྲུག་ཕྱོགས་སུ་འབེལ་བའི་དགའ་སྟོན་ལ་ཆགས་ལ། གྲངས་ལྷག་རྒྱུ་མི་འདུག་ཀྱང་། ཡོན་ཏན་ཁྱེད་དྲུག་ལས་ལྷག་པ་ཕྱིན་ཆད་མི་འབྱུང་ཞིང་། སོ་སོ་ནས་ཡོན་ཏན་གཞལ་དུ་མེད་ཀྱང་གཉག་དབོན་བསླབ་པས་ཆེ་བར་འདུག་པས་གྲལ་གྱི་དབུས་སུ་ཞོག་ཅེས་ཀྱང་བསྔགས་སོ། གསང་