R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༩༡
[A:༡༩༡]ཕུ་དང་། རྩེ་ཐང་སོགས་སུ་བཀའ་ཆེན་བཞི་མདོ་རྒྱན་མཛོད་དྲུག་ལ་བཤད་པའི་སྒྲ་སྙན་ལྷག་པར་བསྒྲགས། མཁས་མཆོག་བསྟེན་ཚུལ་ཡང་། ཀུན་མཁྱེན་གངས་པ་ལ་བདེ་མཆོག། དཔལ་ལྡན་བླ་མ་དམ་པ་ལས་དུས་འཁོར། མཁན་ཆེན་བྱང་སེང་ལ་སྦྱོར་དྲུག། མ་ཏི་པན་ཆེན་ལ་སྤྲོས་མེད། རྒྱལ་སྲས་པ་ལས་སེམས་སྐྱེད། ཐེག་ཆེན་ཆོས་རྗེ་ལ་ལམ་སྦས་[འབྲས] བཤད། ཇོ་ནང་ཕྱོགས་ལས་པ་ལ་དུས་འཁོར་གསན། དེ་ཡང་སེ་མཁར་ཆུང་དུ། དཔེ་འགྲེམས་སུམ་བརྒྱ། ཆོས་དཔོན་བརྒྱད་ཅུ་ལ་ཕྱོགས་ལས་པས་དུས་འཁོར་གཟབ་བཤད་མཛད། ངས་ཤེས་ཚོད་དེ་ཙམ་ཡིན། ཁྱེད་རྣམས་སོ་སོའི་གོ་ཡུལ་ཡིག་ཆུང་རེ་ཁྱེར་ཤོག་གསུངས། སོ་སོ་ནས་ཕུལ་བས། གཉག་ཕུ་བའི་ཤོག་རིལ་ལ་འདིས་ཁོ་བོའི་གྲུབ་མཐའ་གོ་འདུག་གསུངས་ཕྱག་རྒྱས་སྤྲས་ཏེ་གནང་ཟེར་རོ། གཡས་རུ་བྱང་ནས་ཀྱིས་འཇམ་དབྱངས་ནམ་མཁའ་རིན་ཆེན་གྱི་བཀའ་སྩལ་ཏེ། དཔལ་བཟང་ལྡན་གྱི་ཆོས་གྲྭར་སློབ་བུ་བཙུན་ཆུང་དྲུག་གནང་ནས་འཆད་ཉན་ལ་བསྐོས། ལོ་བཅུ་དྲུག་འཆད་ཉན་བསྲིངས་པས་བློ་གསལ་སུམ་བརྒྱ་ཙམ་འདུས་ཏེ་བཟང་ལྡན་དགེ་འཕེལ་གྱི་གྲྭ་ཚང་ཚུགས། སླར་གཅུང་པ་ཆོས་གཞོན་དང་གྲྭ་པ་ཐུག་ཕྲད་ཀྱིས་ཉེན་བསླངས། འཇམ་དབྱངས་པས་ཞལ་འཕྲད་མ་གནང་བས། མཚམས་སྦྱར་ཏེ། ཆོས་ཀྱིས་འབྱོར་ཡང་ནོར་དང་མི་ལྡན་ཞིང་༎ བདེན་ཚིག་ཡོད་ཀྱང་ཞུ་བའི་སྐབས་མེད་ལ༎ ཉེས་པ་མེད་ཀྱང་ནག་ཅན་གཉག་ཕུ་བའི༎ ཞུ་བའི་ཚིག་འདི་ཅུང་ཟད་གསན་པར་རིགས༎ ཞེས་སོགས་ཀྱི་ཞུ་མཆིད་ཕུལ་ཏེ་ཕྱོགས་ལ་ཕེབས་པས། ཇོ་གདན་མཁན་པོའི་