[A:༡༩༩]རིངས་སུ་ཡང་ལོ་བསྐོར་གཅིག་ཙམ་བཞུགས། གཞན་ཡང་། བྱི་རུའི་གཤེད་དམར་%གཤེད་སྙིང%་གི་འཇིགས་བྱེད་(ས་སྐྱའི་གདུང་རབས་ནང་ཤེར་ཤིང་གི་འཇིགས་བྱེད་ཅེས་གསལ། སྒྲིག་པ་པོས) གསེའུ་ཐགས་ཀྱི་ཐང་སྐུ་གཉིས། ཟ་འོག་ཐོགས་གཉིས་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཕུལ། སླར་རེ་དྲུག་པ་རྟ་ལོ་ལ་གོང་ནས་བཏེག། རེ་བདུན་པ་ལུག་ལོར་དཔལ་ལྡན་ས་སྐྱར་ཕེབས་ཏེ། དོན་བདུན་པ་ཤིང་མོ་སྦྲུལ་གྲོ་ཞུན་ཟླ་བའི་ཚེས་བཅུའི་ཉི་ཤར་ལ་དག་པའི་ཞིང་དུ་གཤེགས་སོ།
སློབ་མའི་མཆོག་ནི་ཀུན་དགའ་རྒྱལ་མཚན་འཇམ་དབྱངས་གྲགས་པའི་དཔལ་ལོ།
སུམ་སྟོང་བཞི་བརྒྱ་དང་གྱ་དགུ་འདས་པའི་དགུ་བཅུ་པ་མེ་མོ་བྱ་
སྤྱི་ལོ་༡༣༥༧
ལ་ཤར་ཙོང་ཁ་པ་བློ་བཟང་གྲགས་པ་མདོ་ཁམས་སུ་བྱོན། ཆོས་རྗེ་བླ་མ་ལས་ཞེ་ལྔས་གཞོན། རེད་མདའ་པ་ཆེན་པོ་དང་། ཐེག་ཆེན་པ་ལས་རིམ་བཞིན་ལོ་དགུ་དང་བརྒྱད་ཀྱིས་གཞོན་ནོ། འདི་ཉིད་ལོ་བདུན་པ་ལ་མདོ་ཁམས་པ་དོན་གྲུབ་རིན་ཆེན་ལས་རབ་ཏུ་བྱུང་། དོན་གྲུབ་རིན་ཆེན་དེ་ནི། བཅོམ་ལྡན་རིག་རལ་གྱི་བུ་ཆེན་ལྡོང་སྟོན་རིགས་པའི་སེང་གེའི་སློབ་མ་ཡིན་ཟེར། དགུང་ལོ་བཅུ་དྲུག་པ་ལ་དབུས་གཙང་ལ་བྱོན། གྲྭ་ས་བདེ་བ་ཅན་དུ་སྙེ་ཐང་པ་བཀྲ་ཤིས་སོགས་ལས་[ཕར] ཕྱིན་སྦྱངས། བཅུ་དགུ་པ་ལ་གསང་ཕུ་སོགས་སུ་གྲྭ་སྐོར་གནང་། གཙང་ཕྱོགས་ཀྱི་ཞ་ལུ། སྣར་ཐང་། ས་སྐྱ་སོགས་སུ་བྱོན། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་དང་། མ་ཏི་པན་ཆེན་སོགས་ལ་ཟབ་ཆོས་གསན་གྲྭ་སྐོར་ཡང་མཛད། ལ་སྟོད་བྱང་གི་བཟང་ལྡན་ངམ་རིང་འགའ་རོང་སོགས་སུ་གྲྭ་སྐོར་མཛད། ཇོ་ནང་དུ་ཕྱོགས་ལས་པ་ལ་སྦྱོར་དྲུག་གསན། བོ་དོང་དུ་གྲྭ་