R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༡༣
[A:༢༡༣]ཆུ་ཕོ་ཁྱི་
སྤྱི་ལོ་༡༣༨༢
ལ་དཔལ་ལྡན་ས་སྐྱའི་བསྟན་འཛིན་ཀུན་དགའ་རྣམ་གཉིས་བྱོན༎
(སྐབས་འདིའི་འཁྲུངས་ལོའི་ཚིག་འགྲོས་ལ་གཞིགས་ན་ཀུན་དགའ་བཟང་པོ་སྔོན་དང་ཀུན་དགའ་རྒྱལ་མཚན་རྗེས་ལ་བྱོན་པར་ངོས་འཛིན་དགོས་འདྲ་ཡང་། ངོར་ཆེན་ཀུན་དགའ་བཟང་པོ་འདི་ཉིད་བྱི་བ་ལོར་སྐུ་འདས་པ་དང་། གཤམ་དུ་མུས་ཆེན་གྱི་ལོ་རྒྱུས་སྐབས་མུས་ཆེན་ལས་དགུང་ལོ་དྲུག་གིས་བགྲེས་པ་སྐུ་འདས་པའི་ལོ་དེ་ཡང་མེ་བྱི་ལོ་ཡིན་པ་གསལ་པོར་བཀོད་པ་དེས་ན་ཆུ་ཁྱི་
སྤྱི་ལོ་༡༣༨༢
་ལོར་བལྟམས། དགུང་ལོ་དོན་ལྔ་པ་མེ་བྱི་སྤྱི་ཨོ་༡༤༥༦་ལོར་སྐུ་འདས་པ་ཁ་ཚོན་བཅད་ཆོག་པས་ཐོག་མར་ཀུན་དགའ་རྒྱལ་མཚན་དང་། དེ་རྗེས་ངོར་ཆེན་ཀུན་དགའ་བཟང་པོ་བལྟམས་པར་ངོས་འཛིན་དགོས་འདྲ་བ་ད་དུང་དཔྱད་པར་འཚལ། སྤེ་སྒྲིག་པས)unauditedདེ་ཡང་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ནི། ས་སྐྱ་ཚོགས་ཀྱི་ཉེ་གནས་དཔོན་ཚང་གྲུམས་ཡོན་ཏན་གྱི་སྲས་སུ་བལྟམས། ལོ་དགུ་པ་ལ། ཤར་པ་ཡེ་ཤེས་རྒྱལ་མཚན་གྱིས་མཁན་པོ། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་ཀྱིས་སློབ་དཔོན་མཛད་དེ་ཚིགས་སྔ་མ་གཉིས་ནོད། དེ་ནས་བཟུང་སྟེ། ལོ་ཉི་ཤུ་རྩ་ལྔ་བཞེས་ཀྱི་བར་དུ་གཙོ་ཆེར་ཤར་ཆེན་པོའི་ཞབས་པད་བསྟེན་ཏེ་རྒྱུད་མན་ངག་ཟབ་ཆོས་བླངས། ཤར་ཆེན་པས་མཁན་པོ། མཁན་ཆེན་བློ་གྲོས་དཔལ་བས་ལས་སློབ། ས་བཟང་འཕགས་པས་གསངས་ཏོན་བགྱིས་ཏེ་བསྙེན་པར་རྫོགས་པར་མཛད། རྡོར་དཀར་གདན་གཅིག་ཁོ་ན་མཛད་ཅིང་ཉེས་རྡུང་གི་དྲིས་མས་དབེན། གཞན་ཡང་ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་ལ་རྡོ་རྗེ་འཕྲེང་བ་སོགས་རྒྱུད་སྡེའི་བཤད་སྲོལ་མང་དུ་གསན། མཁན་ཆེན་གཡག་པ་ལ་རྣམ་རིག་སོགས་རིགས་པའི་གསང་ཚིག་གནད་དུ་དྲིལ་བ་གསན།