R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༢༨
[A:༢༢༨] དང་ལྔ་བཅུ་རྩ་བཞི་པ་ཡིན་ནོ། སུམ་སྟོང་ལྔ་བརྒྱ་དང་དྲུག་ཅུ་འདས་པའི་རེ་གཅིག་པ་ས་ཕོ་སྤྲེལ་
སྤྱི་ལོ་༡༤༢༨
ལོར་པཎ་ཆེན་ཤཱཀྱ་མཆོག་ལྡན་གསང་ཕུའི་བར་ཚིགས་ཞེས་པར་བྱོན། ལོ་བརྒྱད་པའི་ཚེ་རོང་སྟོན་ཆེན་པོ་སྐྱོར་མོ་ལུང་དུ་བྱོན་པའི་ཞབས་ཕྱིར་བར་མ་རབ་ཏུ་བྱུང་བའི་མཚན་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློར་གསོལ། བཅུ་པ་ལ་ནཱ་ལེནྡྲར་དགེ་ཚུལ་དུ་བསྒྲུབས་ཤིང་། དེ་ནས་ཉེར་གཅིག་གི་བར་རོང་སྟོན་ཆེན་པོའི་ཞལ་གྱི་བདུད་རྩི་ཉམས་སུ་མྱོང་ཞིང་། རྒྱན་དྲུག་མཆོག་གི་གཞུང་ལ་སྦྱངས། ཉེར་ལྔའི་ཚེ་ངོར་དུ་ངོར་ཆེན། བྲག་དཀར་སེམས་དཔའ་ཆེན་པོ། མུས་ཆེན་གསུམ་གྱིས་མཁན་པོ་དང་ལས་གསང་མཛད་དེ་བསྙེན་པར་རྫོགས། མཁན་སློབ་དེ་གསུམ། ལྕང་ལུང་པ་གཞོན་ནུ་བློ་གྲོས། པཎ་ཆེན་ནགས་རིན་སོགས་ལས། གསུང་ངག་སྦྱོར་དྲུག་སོགས་ཟབ་རྒྱས་ཀྱི་ཆོས་ཚུལ་ནོད། ལོ་བཅོ་ལྔ་པ་ལ་གསང་ཕུའི་གནས་སྒོ་གྲྭ་ཚང་གི་འཛིན་བདག་གནང་། ཕྱིས་རྗེ་ངོར་པས་བཀས་གནང་སྟེ། དཔལ་ལྡན་ས་སྐྱར་གཞུང་ལུགས་བརྒྱ་ལ་བཤད་པའི་དགའ་སྟོན་དང་། གཽ་སྒྲ་ལས་དྲངས་པའི་གནས་བསྟོད་དང་ང་བརྒྱད་མ་སོགས་མཛད། རིག་གནས་ལྔ་ལ་སྙན་པའི་གྲགས་པས་ཁྱབ། ཉིད་ཀྱི་ཞེས་གཉིས་པ་ས་མོ་གླང་ལ་པཎ་ཆེན་དོན་ཡོད་དཔལ་བའི་བཀས་བསྐུལ་ཏེ། གསེར་མདོག་ཅན་དུ་འདུས་ཚོགས་བརྒྱ་ཕྲག་བདུན་ལ་འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་སྤེལ་ཏེ། དགུན་ཆོས་ལ་མངོན་པ་གོང་འོག དཔྱིད་ཆོས་ལ་དབུ་མ། དབྱར་ཆོས་ལ་འདུལ་བ་གཙོ་བོར་འདོམས་པར་མཛད། མངའ་རིས་སུ་ཆོས་རྒྱལ་བཀྲ་ཤིས་མགོན་གྱིས་དཔོན་སློབ་སུམ་བརྒྱ་ཙམ་སྤྱན་དྲངས་པའི་ཚེ། ཀུན་མཁྱེན་རྫོང་དཀར་བ་སྡོམ་རིགས་ལ་འཆད་པའི་དབྱངས་