R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༣༠
[A:༢༣༠] པའི་རྐྱེན་སྦྱར་བར་མཛད་ཅིང་ཞབས་ཀྱི་པདྨོ་ལ་གཏུགས། རྩོམ་པ་ཡང་། ཚད་མའི་དཀའ་འགྲེལ་སྤྱི་དོན་ཆེ་ཆུང་གཉིས། །རྣམ་རིག་ཊིག་ཆེན་གཉིས་ཏེ་རྣམ་པ་ལྔ། །གོང་མའི་དཀའ་འགྲེལ་འོག་མའི་སྤྱི་དོན་ཆེད། །ཕར་ཕྱིན་ཊི་ཀ་ལུང་སྙིང་སྤྱོ་དོན་གསུམ། །རྩ་འཇུག་ཊ་ཀ་སྟོང་ཐུན་ཆེན་མོ་གསུམ། །འདུལ་བའི་དཀར་འགྲེལ་ལས་བརྒྱའི་ཊི་ཀ་དང་། །སོ་ཐར་ཊི་ཀ་གཞི་གསུམ་ལས་ཆོག་སོགས། །བདེ་གསང་རྣམ་བཤད་གསེར་ཐུར་ཆོས་ཚན་སོགས། །རྩོམ་པའི་རྣམ་གྲངས་བརྗོད་པར་མི་ནུས་སོ། །དེ་ལྟར་མཛད་པ་མཐར་ཕྱིན་ཏེ་དགུང་ལོ་བརྒྱད་ཅུ་པ་མེ་མོ་ཡོས་གྲོ་ཀུན་ཟླ་བའི་ཚེས་ལྔ་ལ་གཤེགས་སོ། ཐུགས་སྲས་བསྟན་པ་འཛིན་པ་ནི། དེ་དུས་གྲྭ་ཚང་གོ་བཞི་ནས་འཆད་ཉན་གནང་བའི་ཤངས་ཆེན་པ། ལྕང་ར་བ། རྡོར་རྒྱལ་བ། བློ་བཟང་སོགས་བགྲང་བའི་མི་ལང་བ་བྱོན་ནོ། དེས་ན་ཤིང་ཕོ་བྱི་ལོ་འདི་པཎ་ཤཱཀ་པ་བྱོན་པའི་ས་སྤྲེ་ནས་བརྒྱ་དང་སོ་བདུན་པ་ལགས་སོ། སུམ་སྟོང་ལྔ་བརྒྱ་དང་རེ་གཅིག་འདས་པའི་རེ་གཉིས་པ་ས་མོ་བྱ་
སྤྱི་ལོ་༡༤༢༩
ལ་མདོ་ཁམས་སུ་གོ་རབ་འབྱམས་པ་བསོད་ནམས་སེང་གེ་བྱོན། ངོར་དགོན་གསར་བཏབ་པའི་ལོ་དེ་ཡིན། པཎ་ཤཱཀ་པ་ལས་ལོ་གཅིག་གིས་གཞོན། ལོ་བཅུ་པ་ལ་བྱང་ཆུབ་སེམས་དཔའ་ཀུན་དགའ་འབུམ་ལས་རབ་ཏུ་བྱུང་། དེ་ནས་བཅུ་དགུ་བཞེས་པའི་བར་དུ་མཁན་པོ་དེ་དང་། གོ་རབ་འབྱམས་པ་ཤེས་དཔལ་ལ་སོགས་བསྟེན་ཏེ། གཞུང་ལུགས་གསུམ་གྱིས་ལྷག་པའི་བཅུ་ཕྲག་གཅིག་མགྲིན་པའི་ལམ་རྒྱུ་ཞིང་རྗེན་པར་མཛད་དེ། གོ་རབ་འབྱམས་པ་ཞེས་སྔ་མོ་ཉིད་ནས་རང་བྱོན་དུ་གྲགས། ཉི་ཤུ་པ་ས་ཕོ་འབྲུག་