R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༣༢
[A:༢༣༢]ཊི་ཀ། ཡུམ་སྟོན་རབ་གསལ་སོགས་རྩོམ་པའི་སྒོ་ཡང་ཕྱེ། སླར་མུས་ཆེན་ཉིད་ཀྱི་ཐུགས་རྗེའི་ཞགས་པ་དྲངས་ཏེ། མུས་སུ་བྱོན། བྱ་ལོར་ཟབ་ཆོས་གསན་པ་དང་། གསང་འདུས་རྩོད་སྤོང་སོགས་མཛད། སོ་བརྒྱད་པ་ཁྱི་ལོ་རྗེ་མུས་ཆེན་ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་གིས། བྱང་ངམ་རིངས་སུ་སྤྱན་དྲངས་ཏེ་ཞབས་འབྲིང་དུ་བཀོད་དོ། བློ་གསལ་འགའ་ལ་ལེགས་བཤད་ཀྱི་སྐྱེས་དང་། ཀུན་རིག་རྩོད་སྤོང་། ཀྱེ་རྡོར་རྩོད་སྤོང་སོགས་རྩོམ་གྱི་མེ་ཏོག་ཁ་ཕྱེ། མེ་ཕོ་ཁྱི་ལ་དེ་ཉིད་ཀྱི་རྒྱལ་ཟླ་བའི་ཚེས་བཅོ་ལྔ་ལ་བློ་གསལ་དོན་གཉེར་ཅན་བཅུ་ཕྲག་བཞི་དང་བཅས། རིན་སྤུངས་ནང་སོ་དོན་གྲུབ་རྡོ་རྗེ་དཔོན་སློབ་ཀྱིས་མཐུན་པའི་རྐྱེན་སྦྱར་ཏེ་རྟ་ནག་གསེར་གླིང་དུ་ཆོས་ཀྱི་གྲྭ་བཙུགས། ཁྱི་ལོ་དེ་ནས་སྦྲུལ་ལོའི་བར་ལོ་བརྒྱད་ཀྱི་རིང་ལ་ཧ་ཅང་བློ་གསལ་མང་བ་མིན་པའི་དོན་གཉེར་ཅན་ཤ་སྟག་ལ་འཆད་པའི་དབྱངས་ཀྱིས་ངལ་གསོལ། ཉིད་ཀྱི་ཞེ་ལྔ་པ་ཆུ་མོ་སྦྲུལ་གྱི་ལོ་དེ་ཉིད་ལ། ཐུབ་བསྟན་རྣམ་པར་རྒྱལ་བའི་གླིང་ཆེན་པོ་བཏབ། འདུས་པའི་ཚོགས་ཆེན་པོ་ལ་མདོ་སྔགས་ཀྱི་དགའ་སྟོན་ངོ་མཚར་རྨད་དུ་བྱུང་བས་སྤྱིར་བསྟན་པའི་སྙིང་པོ། ཁྱད་པར་སྡོམ་རིགས་ཀྱི་བསྟན་པ་རྨ་མེད་པ་སོར་ཆུད། ཉིད་ལྔ་བཅུ་རྩ་ལྔ་པ་ཆུ་མོ་ཡོས་ལ་ཨེ་ཝཾ་ཆོས་ལྡན་གྱི་སེང་གེའི་ཁྲི་ལ་ཞབས་སེན་བཀོད་དེ། མེ་ཕོ་རྟའི་བར་ལོ་བཞིར་རྡོ་རྗེ་འཆང་ཡབ་སྲས་ཀྱི་དགོངས་པ་རྫོགས་པར་མཛད། རྟ་ལོ་དེ་ལ་ཡོངས་འཛིན་དཀོན་མཆོག་འཕེལ་རྒྱལ་ཚབ་ཏུ་དབང་བསྐུར་ཏེ། སླར་ཡང་རྣམ་པར་རྒྱལ་བའི་གླིང་ཆེན་པོར་ཕྱག་ཕེབས། སྐལ་ལྡན་རྣམས་ལ་མདོ་སྔགས་ཀྱི་བཀ་འ་དྲིན་སྩལ། སླར་རེ་གཅིག་ས་མོ་བྱའི་ལོ། དཔལ་ལྡན་ས་སྐྱར་ཆོས་ཀྱི་དགའ་སྟོན་སྤེལ། ཚུར་ལམ་སྔོན་མོ་རྫོང་དུ་ཆོས་ཀྱི་དགའ་སྟོན་རྩོལ་བའི་ཚེ་ཆོ་འཁྲུལ་ཟླ་བའི་ཉེར་