[A:༢༣༥] ཟབ་དོན་གྱི་བདུད་རྩི་ཞུས་ཤིང་། སྐྱེད་མོས་ཚལ་དུ་བྱམས་ཆེན་རབ་འབྱམས་པ་འདུས་པའི་ཚོགས་དང་བཅས་པ་ལ། བསྙེན་ཅིང་བཀུར་བས་དགེས་པར་མཆོད།
ཀུན་མཁྱེན་གོ་རམས་པ
ས་ཟུར་འཆད་མ་གནང་ནས་ལོ་གཅིག་སོང་བ། ཉིད་ཀྱི་
སོ་བཞི་པ་ཁྱི་ལོ། འཇམ་དབྱངས་རྗེ་དང་གཉིས་ལ་ཟུར་གནས་ལེགས་བཤད་སྤེལ་བའི་འོས་སུ་བཀའ་བསྩལ། ལོ་བཅུ་གསུམ་གྱི་བར་དུ་བློ་གསལ་དོན་གཉེར་ཉིས་བརྒྱ་སྐོར་ལ་ལེགས་བཤད་ཀྱིས་ཡིད་གསོས་པར་མཛད། ཞེ་བདུན་པ་ཕག་ལོར་མི་དགེ་བའི་རྐྱེན་གྲོགས་སུ་ཤར་ཏེ། བློ་གསལ་ཤེས་ལྡན་བརྒྱ་ཕྲག་གཉིས་བདང་བཅས། བསོད་ནམས་ཀྱི་དཔལ་ལ་དབང་སྒྱུར་བའི་སྡེ་དཔོན་སོ་སོས་མཐུན་པའི་རྐྱེན་སྦྱར་ཏེ། གནས་ངེས་མེད་དུ་ལེགས་པར་བཤད་པའི་ཆར་ཕབ། དེ་ཡང་ཡུལ་དབུས་ཀྱི་སྨན་ལྗོངས་སུ་ཤར་ཏེ་ཕག་བྱི་གླང་གསུམ། གཙང་ཆུ་གྲུ་གསུམ་དུ་སྟག་མོས་འབྲུག་གསུམ། ཡར་འབྲོག་ཏུ་སྦྲུལ་ལོ། རྐྱང་འདུར་དུ་རྟ་ལོ། ནོར་བུ་སྒང་རྒྱང་གདོང་སོགས་སུ་ལུག་སྤྲེལ་གཉིས་ཏེ། ལོ་བཅུའི་བར་དུ་གནས་ངེས་མེད་དུ་འཆད་པའི་ཟློས་གར་ཅི་ཡང་བསྒྱུར་ཏོ།
ཉིད་ཀྱི་ལྔ་བཅུ་རྩ་བདུན་པ་ས་མོ་བྱའི་ལོར། གཙང་སྟོད་བསོད་རྒྱལ་གྱིས་མཐུན་པའི་རྐྱེན་སྦྱར་ཏེ། ཟླ་བ་ལྔ་པའི་ཚེས་བཟང་པོ་ལ་དཔལ་མཉན་ཡོད་བྱ་རྒོད་གཤོངས་ཀྱི་ཆོས་གྲྭ་ཆེན་པོ་བཏབ། ཀུན་མཁྱེན་གོ་རམས་ཆེན་པོ་གཤེགས་པའི་ལོ་དེ་ཡིན། དེའི་ཕྱི་ལོ་ཉིད་ཀྱི་ང་བརྒྱད་པ་ཁྱི་ལོར་འཕགས་མཆོག་ཀླུ་སྒྲུབ་རྒྱལ་ཚབ་ཏུ་དབང་སྐུར་ཏེ།
ལོ་བཅུ་གསུམ་དུ་འཕགས་མཆོག་རྗེས་འཆད་པའི་རྒྱུན་བཟུངས་ཤིང་། པཎ་ཆེན་ཆོས་རྗེ་གནས་ངེས་མེད་དུ་སྐལ་པར་འཚམས་པ་ལ་ཟབ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར། ཉིད་ཀྱི་བདུན་ཅུ་པ་ཆུ་ཕོ་ཁྱི་ལོ་འཕགས་མཆོག་དག་པའི་དབྱིངས་སུ་གཤེགས་ཏེ། སླར་ཉིད་ཀྱིས་མཉན་