R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༣༦
[A:༢༣༦]ཡོད་དུ་སྔགས་ཀྱི་ཆོས་འཁོར་བསྐོར། ཕྱི་ལོ་དེ་ལ་མཉན་ཡོད་དུ་བདག་ཅག་གི་སྟོན་པ་འཁོར་གནས་བརྟན་གྱིས་བསྐོར་བ་དྲིའི་གཙུག་ལག་ཁང་དང་བཅས་པ་བཞེངས། དོན་གཅིག་པ་ཕག་ལོར་རབ་གནས་ཀྱིས་མངའ་གསོལ། ཉིན་ཀྱི་དོན་གཉིས་སུ་སླེབ་པ། མཉན་ཡོད་ཐེབས་ནས་ལོ་བཅུ་དྲུག་པ་ཤིང་ཕོ་བྱི་ལོ་དཔྱིད་ཟླ་ར་བའི་ཉེར་གཅིག་ལ་དག་པའི་ཞིང་དུ་གཤེགས། ། རྗེ་འདི་ཉིད་ཀྱིས་མདོ་སྔགས་ཀྱི་ཆོས་གསན་པའི་ཚུལ་ཡང་རྗེ་ངོར་ཆེན་ཡབ་སྲས་ལ་ས་སྐྱ་ངོར་ལུགས། བདག་ཆེན་རྒྱ་གར་བ་དང་རྣལ་འབྱོར་པ་བསྟན་འཛིན་དཔལ་སོགས་ལ་ས་སྐྱ་རྫོང་ལུགས། བཤེས་གཉེན་བློ་གྲོས་རྒྱལ་མཚན་ལ་རྗེ་བཙུན་བོ་དོང་པའི་དེ་ཉིད་འདུས་པསྟག་ལུང་ངག་དབང་གྲགས་པ་ལ་དྭགས་པོ་བཀའ་བརྒྱུད་དང་རས་ཆུང་སྙན་བརྒྱུད་སོགས། མཁྱེན་རབ་ཡོན་ཏན་དཔལ་འབྱུང་ལ་ཤངས་པ་དཀའ་བརྒྱུད་དང་རི་ཆོས་སོགས། ཀ་ཏོག་ནོར་བུ་བཟང་པོ ་ལ་རྫོགས་པ་ཆེན་པོའི་སྐོར་སོགས། རྣལ་འབྱོར་རྡོ་རྗེའི་མཚན་ཅན་ལ་ཞི་བྱེད་སོགས་ཏེ། ཇི་ལྟར་གསན་པ་དེ་དག་ཀྱང་གནས་ངེས་མེད་དུ་ལེགས་པར་དགོངས་པས་དུས་འདས་པ་ཁོ་ན་ལགས་ཤིང་། བཤད་སྒྲུབ་ཀྱི་བསྟན་པ་ཆེས་ཆེར་གསལ་བར་མཛད། ཁྱད་པར་རིགས་པའི་གནད་ཟབ་མོས་བློ་གསལ་ལ་ངེས་པ་བདེ་བླག་ཏུ་སྐྱེ་བ་ལ་པཎ་ཆེན་འདིའི་འཕྲིན་ལས་ཀྱི་རྒྱུན་ཁོ་ན་བཀའ་དྲིན་ཆེ་བ་ཡིན་ནོ། ཐུགས་སྲས་བསྟན་འཛིན་གྱི་བུ་སློབ་ཀྱང་། ཐུགས་སྲས་འཕགས་མཆོག་ཀླུ་སྒྲུབཨར་སྟོནབློ་གྲོས་རྒྱ་མཚོཀུན་མཁྱེན་ལྕགས་ཐང་ཆོས་རྗེརྒྱལ་བ་དཀོན་མཆོག་དཔལ་བལྷ་བྱང་གི་ལྷ་དབང་རྣམ་གཉིསའཇམ་མགོན་བློ་གྲོས་བཀྲ་ཤིས་སོགས་བསམ་གྱིས་མི་ཁྱབ་པ་བྱོན།