[A:༢༣༨]ཐུགས་སྲས་བསྟན་འཛིན་མང་དུ་བྱོན་ཡང་། བསྟན་པ་ལ་ཕན་པའི་བཤེས་གཉེན་པ་ཉིད་ཀྱི་གདན་ས་བ་ཉིད་དང་། ཆོས་འཁོར་ལྷུན་པོ་འདེབས་པ་པོ་པཎ་ཆེན་དངོས་གྲུབ་དཔལ་འབར་དང་། གཞར་རི་དགོན་གསར་འདེབས་པ་པོ་ལྷ་དབང་བློ་གྲོས་རྣམས་སོ། དེས་ན་ཤིང་བྱི་འདི། པཎ་ཆེན་འབུམ་ཕྲག་གསུམ་པ་དང་འཇམ་པའི་དབྱངས་ཀུན་དགའ་ཆོས་བཟང་དང་གཉིས་བྱོན་པའི་ཆུ་གླང་ནས་བརྒྱ་དང་སོ་བཞི་པ་ལགས་སོ།
སུམ་སྟོང་དྲུག་བརྒྱ་པའི་སྐབས་སུ་བྱོན་པ་ནི་རྒྱལ་བ་ལྕགས་ཐང་པ་ཆེན་པོ་ལ་སོགས་ཏེ། སུམ་སྟོང་དྲུག་བརྒྱ་དང་དྲུག་འདས་པའི་བདུན་པ་ཤིང་ཕོ་རྟ་
སྤྱི་ལོ་༡༤༧༤
ལོར་གཙང་ལྕཊ་ཐང་རབ་འབྱམས་པ་བྱམས་པ་བསོད་ནམས་བྱོན། བཅུ་གཅིག་པ་ལ་ཡུལ་དེའི་སངས་རྒྱས་གླིང་ཞེས་བྱ་བར་བསོད་ནམས་ལེགས་པ་དང་། འཆད་དཀའ་བཅུ་པས་མཁན་སློབ་བྱས་ཏེ་རབ་ཏུ་བྱུང་། བཅུ་གཅིག་པ་དེ་ཉིད་ནས་བཅོ་བརྒྱད་ཀྱི་བར་ལ་མདོག་ཆོས་འཁོར་སྒང་དུ་བཤེསགཉེན་ཤཱཀྱ་རྒྱལ་མཚན་དང་བློ་གྲོས་རྒྱལ་མཚན་གཉིས་ལ་རིགས་པའི་རྣམ་འགྱུར་ལེགས་པར་སྦྱངས། བཅུ་དགུ་པར་མཉན་ཡོད་བྱ་རྒོད་གཤོངས་ཐེབས་ནས་ལོ་བཞི་ལོན་པའི་ཚེ་ཆོས་གྲྭ་དེ་ཉིད་དུ། འཇམ་དབྱངས་འཕགས་མཆོག་ཀླུ་སྒྲུབ་ལ་གྲངས་ཆ་ཨེན་བཅོ་བརྒྱད་ཀྱི་ལེགས་བཤད་དང་། གསུང་ངག་སོགས་སྔགས་ཀྱི་ཟབ་གནད་ལོ་གྲངས་བརྒྱད་ཀྱི་བར་དུ་མྱངས། པན་ཆེན་འབུམ་ཕྲག་གསུམ་པ་ལ་གསུང་ངག་ཤངས་པས་བཀའ་བརྒྱུད། རས་ཆུང་སྙན་བརྒྱུད་སོགས་ཟབ་ཁྲིད་ཀྱི་བཅུད་ཆེན་པོ་བླངས། ཉེར་ལྔ་པ་ལ་དཔལ་འཁོར་བདེ་ཆེན་དང་། ཉེར་དྲུག་པ་ལ་རྩེད་ཐང་དུ་གཞུང་ལུགས་བཅུ་དྲུག་(བདུན) ལ་ལེགས་བཤད་ཀྱི་སྐྱེས་ཕུལ། ཉེར་དགུ་པ་ལ། མདོག་ཡ་ག་ཆོས་སྡིངས་སུ། བྱམས་པ་དཀོན་