R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༥༡
[A:༢༥༡]སློང་སྡེ་སྣོད་འཛིན་པ་མང་དུ་ཐོས་པ་ཀླུ་སྒྲུབ་ཅེས་བྱ་བས། སྟོན་པ་ཆོས་དབྱིངས་སུ་བཞུགས་ནས་སུམ་སྟོང་བརྒྱ་ཕྲག་དྲུག་དང་དགུ་བཅུ་རྩ་དགུ་པ་བདུན་བརྒྱར་གཅིག་གི་མ་ཆོག་པ་མེ་སྟག་
སྤྱི་ལོ་༡༥༦༦
གི་ས་ག་ཟླ་བའི་དུས་བཟང་པོ་ལ། དཔལ་ཡ་ག་ཆོས་སྡིངས་ཀྱི་མདུན་ས་ཆེན་པོ་སྦྱར་བ་འདིས་ཀྱང་། བུ་རམ་ཤིང་པའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཕྱོགས་མཐའ་དག་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག དེ་ལྟར་རང་གིས་སུག་རིས་སུ་བགྱིས་པ་ལས། སླད་ཀྱི་འདས་ལོ་སུམ་སྟོང་བདུན་བརྒྱ་ཉི་ཤུ་པ་
སྤྱི་ལོ་༡༥༨༧
ཐམས་ཅད་འདུལ་ཞེས་པ་མེ་མོ་ཕག་གི་ལོ་ཟླ་བ་བརྒྱད་པའི་དཀར་ཕྱོགས་རྫོགས་པ་གཉིས་པའི་ཚེས་འདར་ཆོས་འཁོར་ཡང་རྩེའི་སྔགས་གྲྭ་སློབ་བཤད་གླིང་གི་གཙུག་ལག་ཁང་དུ་སྦྱར་བའོ། ཤུ་བྷ་མསྟུ་སརྦ་ཛ་ག་ཏེ།