R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༥༠
[A:༢༥༠]སྟག་
སྤྱི་ལོ་༡༤༣༤
ལ་དཔལ་ངམ་རིངས་བྱམས་ཆེན་བྱོན། དེ་ནས་བརྒྱ་དང་སོ་གཅིག འདེབས་མཁན་ཆོས་རྒྱལ་དཀོན་མཆོག་ལེགས་པ། མཁན་པོ་ཨཱ་ནན་ཏ་མ་ཏི་དང་། སེང་གེ་དཔལ་རིན་པ་གཉིས་ཀྱི་ངོ་ལ་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་གིས་བཀོད་པ་གནང་ནས་བཏབ། དེའི་ཚེ་སེམས་དཔའ་ཆེན་པོ་གཞོན་ནུ་བ་ལྔ་བཅུ་ཡིན། ཨཱ་ནན་ཏ་པས་དྲུག་ཅུ་རེ་གསུམ་ལོན། སུམ་སྟོང་དྲུག་བརྒྱ་འདས་ནས་ཉག་གཅིག་གི་སྟེང་དུ་སླེབས་པ་ས་ཕོ་བྱི་
སྤྱི་ལོ་༡༤༦༨
ལོ་རིན་སྤུངས་བྱམས་ཆེན་བྱོན། དེ་ནས་དགུ་བཅུ་རྩ་བདུན། འདིའི་ཞལ་བཀོད་ཀྱང་སེམས་དཔའ་ཆེན་པོ་བས་གནང་ཟེར་བས། དགུང་ལོ་བརྒྱད་ཅུ་རྩ་དྲུག་པའི་ལོ་ཡིན་ནོ།
དེ་ལྟར་ཁོ་བོའི་བསྟན་རྩིས་འདི་ནི། ཤིང་ཕོ་བྱི་བ་
སྤྱི་ལོ་༡༥༦༤
ནས་བརྩམས། མེ་ཕོ་སྟག་
སྤྱི་ལོ་༡༥༦༦
ལ་རྫོགས་པར་གྲུབ་པ་ཡིན་མོད། འདི་ཡན་ཆད་འདས་ལོ་ནས་དུ་སོང་སོགས་རྩིས་པ་ནི། ཤིང་བྱི་ཡན་ཆད་བཞིར་བཞག་པ་ཡིན་ལ། རྫོགས་པར་གྲུང་པའི་མེ་ཕོ་སྟག་འདི་ནི། འདས་ལོ་སུམ་སྟོང་དྲུག་བརྒྱ་དགུ་ཅུ་རྩ་དགུར་སླེབས་པའི་ལོ་དེ་ཡིན་པས། སྔར་རྩིས་པའི་སྟེང་དུ་ལོ་གཉིས་བསྣན་ཏེ་མེ་སྟག་ཡན་ལ་གསལ་བར་ཤེས་པར་གྱིས་ཤིག
དེ་ལྟར་བསྟན་རྩིས་ལྷག་བསམ་རབ་དཀར་ཞེས་བྱ་བ་བསྟན་འཛིན་སྐྱེས་བྱ་དམ་པ་ལ་ཡིད་ཆེས་པའི་རྣམ་ཐར་ལོ་རྒྱུས་དང་སྦྱར་ཏེ། བདེ་བར་གཤེགས་པའི་བསྟན་པ་སྤྱི་བྱེ་བྲག་ལ་གུས་པ་བསྐྱེད་པའི་ཕྱིར་འདྲེན་པ་དམ་པ་རྣམ་གསུམ་གྱི་ཞབས་སྤྲུལ་གཙུག་གིས་མཆོད་པས། ལུང་རྟོགས་ཀྱི་བསྟན་པ་སྤྱི་བྱེ་བྲག་ལ་སོ་སོར་མ་འདྲེས་པའི་རྣམ་དཔྱོད་ཀྱི་སྤོབས་པ། གཟུ་བོར་གནས་པའི་ཆོས་བཞིན་རྗེས་སུ་འབྲང་བས། སོ་སོ་ལ་མ་དད་པའི་རྙོག་པའི་དྲི་མ་བསམ་པ་ཤཱཀྱའི་དགེ་