[A:༢༥༥]སྭསྟི་པྲ་ཛ་བྷྱཿགང་གི་མཚན་ཙམ་དྲན་པས་མ་རིག་པའི། །མུན་པའི་ཚོགས་རྣམས་མ་ལུས་ཉེར་བསལ་ཏེ། །རིག་པའི་གནས་ལ་བློ་གྲོས་མཆོག་སྩོལ་བའི། །ཀླུ་སྒྲུབ་རྒྱ་མཚོ་སྙིང་ནས་དྲན་ནོ་སྐྱོངས། །ཚུལ་གནས་གསེར་གྱི་ཡོལ་གོ་རྣམ་དཔྱོད་ཀྱི། །འོད་སྣང་རྨོངས་མུན་འཇོམས་ལ་དཔའ་བ་དང་། །ལྷན་ཅིག་བརྩོན་འགྲུས་ལྷག་བསམ་རྒྱན་བཀྲ་བའི། །མཛདའ་བཤེས་ལེགས་བཤད་མཆོག་སྦྱིན་འདིར་དགྱེས་རོལ༎
ཞེས་བསྔགས་བརྗོད་སྔོན་དུ་སོང་ནས། འདིར་རང་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོས་འདུལ་བར་བྱ་བའི་བསྟན་པ་འདི་ལ་ནི་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་བླ་ན་མེད་པ་ཐོབ་པར་འདོད་པའི་བློ་གསལ་དག་གིས་བསླབ་པར་བྱ་བའི་གནས་ནི་རིག་པའི་གནས་ལྔ་པོ་འདི་ཉིད་ཡིན་ཏེ། མདོ་དྲིན་ལན་གསབ་མ་ལས། དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་པའི་ཕྱིར་དུ་རིག་པའི་དངོས་བོ་ལྔ་ལ་བསླབ་པར་བྱའོ། །ཞེས་དང་། མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ། ཞེས་སོགས་དང་། བདག་ཉིད་ཆེན་པོ་ས་པཎྜི་ནས། རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན། ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་པས་རིང་། དེ་ལྟར་དགོངས་ནས་རྒྱལ་དང་མཁས་རྣམས་ཀྱིས། །ཤེས་བྱའི་གནས་རྣམས་སྤྱོང་ཤེས་ལེགས་པར་གསུངས། ཞེས་དང་། མཁས་པའི་དབང་པོ་སྒྲ་པ་ཤེས་རིན་པས། རིག་པའི་གནས་ལྔར་ལེགས་པར་མ་སྦྱངས་ན། །དགྲ་བཅོམ་སྐྱེས་ཀྱང་ཀུན་མཁྱེན་ཐོས་མི་སྲིད། །དེ་བས་དོན་གཉེས་མཐར་ཕྱིན་བྱ་བའི་ཕྱིར། ཀུན་མཁྱེན་ལས་འདིར་མཁས་རྣམས་བརྩོན་པར་རིགས། ཞེས་དང་འདྲེན་པ་དང་པ་ཀླུ་སྒྲུབ་རྒྱ་མཚོའི་གསུང་ལས། ལྔ་རིག་ཆོས་ལ་མ་སྦྱངས་བག་མེད་ཀྱི། བདུད་རྩི་ཐོས་པའི་རྒྱལ་བའི་