[A:༢༨༠]དྷི་དང་། དཱ་ན་ཤཱི་ལ་དང་། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང་། དྷརྨ་ཤྲཱི་ལ་དང་། ལོ་ཙཱ་བ་མཁས་པར་ཚུད་པ་སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཛྙཱ་ན་སེ་ན་སྟེ་ཞང་ཡེ་ཤེས་སྡེ་དང་། ཛ་ཡ་རཀྵི་ཏ་དང་། མཉྫུ་ཤཱི་ཝརྨ་དང་། ར་ནནྟྲ་ཤཱི་ལ་ལ་སོགས་པས་ཐེག་པ་ཆེ་ཆུང་ལས་བྱུང་བའི་ཆོས་རྒྱ་གར་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་། མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ནས་ནམ་དུ་ཡང་གཞུང་ལུགས་དེ་ག་ལས་མི་བསྒྱུར་ཞིང་། ཀུན་གྱིས་སློབ་ཏུ་རུང་བར་གྱིས་ཤིག་ཅེས་བཀའ་སྩལ་པ་ལ་བརྟེན་ནས། སྔར་བསྒྱུར་བ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། བཀས་བཅད་རྣམ་པ་གསུམ་མཛད་དེ། སྐད་དོད་སོ་སོ་དང་བསྒྱུར་ཚུལ་ཡིག་ཆར་བཀོད། སྡེ་པ་གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས་གཞན་དང་། གསང་སྔགས་རྣམས་རྒྱལ་བློ་པཎ་དང་བཅས་པ་མཐུན་གྲུབ་ན་མ་གཏོགས། ལྐོ་ཏུ་མི་བསྒྱུར་བར་བཀས་བཅད། ཐ་ན་བྲེ་དང་སྲང་ཞོ་ལ་སོགས་པ་ཡང་རྒྱ་གར་དང་མཐུ་པར་བཅོས། དེ་ཐམས་ཅད་ལོ་པཎ་རྻལ་བློན་དང་བཅས་པའི་ཕྱག་རྒྱས་བཏབ། དཀར་ཆག་ཏུ་བཀོད་དེ། བོད་འབངས་ཐམས་ཅད་ལ་དེ་དག་ལས་མི་འདའ་བར་དྲིལ་བསྒྲགས་པ་ཡིན་ནོ།
ཇི་སྐད་དུ་ཡང་སྒྲ་སྦྱོར་བམ་གཉིས་ལས། རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་འོན་ཅང་རྡོ་ན་བཞུགས། སྟོད་སྨད་ཀྱི་དམག་རྗེ་དང་རྐུན་ཆེན་བཏུལ། གར་ལོག་གི་ཕ་ཉས་ཕྱག་བཙལ། བློན་ཆེན་ཞང་ཁྲི་ཟུར་རམ་ཤགས་དང་། བློན་མ་རྗེ་ལྷ་མདོ་ལ་སོགས་པས་བྱ་ལས་གནང་མང་བཅད་དེ། རྔ་རྟ་དང་བ་མར་ཕལ་མོ་ཆེ་ཕྱག་ཏུ་ཕུལ། ཞང་བློན་མན་ཆད་སོ་སོར་བྱ་དགའ་སྩལ་པའི་ལན་ལ། ཉི་འོག་གི་མཁན་པོ་