[A:༢༨༢]བའི་ཐབས་དང་། རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་མིང་གདགས་པའི་རྣམ་གཞག་བཀས་བཅད་དེ་གཏན་ལ་ཕབ། དམ་པའི་ཆོས་བསྒྱུར་བའི་ལུགས་ནི་སྒྲ་དང་མཐུན་ལ། དོན་དང་ཡང་མི་འགལ་ལ། བོད་སྐད་ལས་ཀྱང་གར་བདེ་བར་གྱིས་ཤིག དྷརྨ་བསྒྱུར་བ་ལ་རྒྱ་གར་གྱི་སྐད་གོ་རིམ་ལས་མི་ནོར་བར་བོད་ཀྱི་སྐད་དུ་བསྒྱུར་ན་དོན་དང་ཚིག་ཏུ་འབྲེལ་ཞིང་། བདེ་ན་མ་བསྣོར་བར་སྒྱུར་ཞིག བསྣོར་ན་བདེ་ཞིང་གོ་བ་བསྐྱེད་པ་ཞིག་ཡོད་ན། ཚིཊ་བཅད་ལ་ནི་རྩ་བ་བཞི་པའམ་དྲུག་པའང་རུང་སྟེ། ཚིགས་སུ་བཅད་པ་གཅིག་གི་ནང་གར་བདེ་བར་བསྣོར་ཞིང་སྒྱུར་ཅིག རྐྱང་པ་ལ་ནི་དོན་གར་སྙེགས་པ་ཡན་ཆད་ཀྱི་ཚིག་དང་དོན་གཉིས་ཀ་ལ་གར་བདེ་བར་བསྣོར་ཞིང་སྒྱུར་ཅིག སྐད་ཅིག་ལ་མིང་དུ་མ་འདྲེན་པ་སྟེ། ལྟག་འོག་དང་བསྟུན་ལ་གར་སྙེགས་པ་བཞིན་དུ་མིང་ཐོགས་ཤིག །གཽ་ཏ་མ་ལྟ་བུ་གཽའི་སྒྲ་ལས། ཚིག་དང་། ཕྱོགས་དང་། ས་དང་། འོད་དང་། རྡོ་རྗེ་དང་། པ་ལང་དང་། མཐོ་རེས་ལ་སོགས་པ་རྣམ་པ་དུ་མར་སྙེགས་པ་དང་། གོའུ་ཤི་ཀ་དྷ་བུ་རྩྭ་ཀུ་ཤ་ཐོགས་པ་དང་། མཁས་པ་དང་པད་མ་ལ་དགའ་བ་ལ། འུག་པ་དང་མཛོད་ལྡན་ལ་སོགས་པ་སྒྲའི་ལུགས་ལས་དྲངས་ཤིང་བསྒྱུར་ན། རྣམ་གྲངས་མང་པོ་ཞིག་ཏུ་སྙེགས་ལ། བསྒྱུར་བ་རྣམ་པ་གཅིག་གི་ནང་དུ་ནི། རྣམ་གྲངས་དེ་ཀུན་འདུ་ཡང་མི་བཏུལ་སྟེ། གཅིག་ཏུ་ཆད་པར་བྱ་གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར། རྒྱ་གར་གྱི་སྐད་སོ་ན་ཞོག་ཅིག གར་ཡང་དྲང་དུ་རུང་བའི་ཚིག་བྱུང་ན། ཕྱོགས་གཅིག་ཏུ་འཆད་པར་མི་བསྒྱུར་བར། སྤྱིར་སྙེགས་སུ་རུང་བར་གྱིས་ཤིག ཡུལ་དང་སེམས་ཅན་དང་། མེ་ཏོག་དང་རྩི་ཤིང་ལ་སོགས་པའི་མིང་བསྒྱུར་བ་མི་གོ་ཞིང་ཚིག་མི་བདེ་བ་དང་། འོལ་ཅིར་བསྒྱུར་དུ་རུང་ཡང་དོན་དུ་དེ་ལྟར་