[A:༡༩]བསྡུས་ཏེ། གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་བྱས་སོ།
འོ་ན་དེའི་ཚེ་སྒྲ་གཅན་ཟིན་ལོ་དྲུག་ལས་མ་ལོན་པས། ལོ་བདུན་མ་ལོན་པར་རབ་བྱུང་བྱ་བར་བཀག་པ་དང་འགལ་བ་མ་ཡིན་ནམ་སྙམ་ན། སྐྱོན་མེད་དེ། སྒྲ་གཅན་ཟིན་ཡུམ་གྱི་མངལ་དུ་ལོ་དྲུག་བཞུགས་པས། མངལ་གྱིས་ཁ་བསྐང་ན་ལོ་བཅུ་གཉིས་པར་འགྱུར་བས་སྐྱོན་ལས་གྲོལ་བར་ཁོ་བོ་ཡང་སེམས་སོ།
དེ་ནས་སྟོན་པ་སངས་རྒྱས་ནས་ལོ་བཅུ་གཉིས་སུ། སྟོན་པ་འདིའི་བསྟན་པ་དྲི་མའི་སྐྱོན་མེད་པར་གནས་པ་ཡིན་ལ། བཅུ་གསུམ་པ་ཤིང་ཕོ་སྟག་ལོར་བཟང་སྦྱིན་གྱིས་མི་ཚངས་པ་སྤྱོད་པས་ཚུལ་ཁྲིམས་ཀྱི་སྐྱོན་དང་། དགེ་སློང་མཆི་ལྟས་ཀྱི་ལྟ་བའི་སྐྱོན་བྱུང་བ་ནས། དགག་སྒྲུབ་གནང་གསུམ་གྱི་བསླབ་པའི་བཅས་པ་ཐོག་མ་འདི་ནས་བཟུང་བ་ཡིན་ལ། དེའི་ཚེ་དགེ་སློང་ལྷས་བྱིན་གྱིས། མི་དགེ་བའི་བཤེས་གཉེན་བྱས་པས། རྒྱལ་པོ་མ་སྐྱེས་དགྲས་ཡབ་གཟུགས་ཅན་སྙིང་པོ་སྐུའི་འཚོ་བ་དང་བྲལ། སྟོན་པ་ལ་སྒྱོགས་ཀྱི་འཕྲུལ་འཁོར་འཕངས་ཏེ་ཞབས་ལ་ཁྲག་ཕྱུང་བའི་མཚམས་མེད་པའི་ལས་བསགས། དེ་རྗེས་སྟོན་པའི་འཁོར་ཕྱེ་སྟེ་འཁོར་དབྱེན་གྱི་མཚམས་མེད་པའི་ལས་ཀྱང་བགྱིས། དེ་རྗེས་སྟོན་པས་མ་སྐྱེས་དགྲ་ལ་ཆོས་བསྟན་པས་མ་སྐྱེས་དགྲ་གཞི་མེད་ཀྱི་དད་པ་ལ་བཀོད། དེ་རྗེས་ལྷས་བྱིན་གྱིས་ཨུཏྤལའི་མདོག་ཅན་ཁུ་ཚུར་གྱིས་བསད་པས་དགྲ་བཅོམ་མ་བསད་པའི་མཚམས་མེད་པའི་ལས་ཀྱང་བྱས་པས་མཚམས་མེད་གསུམ་བྱས་པས་འགྱོད་ཅིང་གནས་པ་ན། སྟོན་པ་རྫོགས་བྱེད་ཀྱིས་ཤཱཀྱའི་ནང་ནས་ཁྱོད་ཉིད་མཁས་པ་ཞིག་ན་ལས་འབྲས་ལྟ་ག་ལ་ཞིག་ཅེས་ཆད་ལྟ་བསྟན་པས། ལྷས་བྱིན་ལ་སྐུར་འདེབས་ཀྱི་ལོག་ལྟ་སྐྱེས་ཏེ་དགེ་རྩ་ཆད། མཐར་ལུས་དམྱལ་