R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༥༡
[A:༥༡] ཁམས་བཅོ་བརྒྱད་སོགས་ཀྱི་ཆོས་གསན། རྒྱལ་པོ་ལོ་ཉི་ཤུ་ལོན་པ་ཙམ་གྱི་ཚེ་ཡིན་པར་སེམས། མཁན་པོ་ནི། སློབ་དཔོན་སེང་གེ་བཟང་པོའི་བླ་མ་རྣམ་སྣང་མདད་བཟང་པོ་དང་དོན་གཅིག་ཅིང་། སྐུ་ཚེ་ཤིན་ཏུ་རིང་བ་ཞིག་ཡིན། དེ་རྗེས་བོད་ཀྱི་ལྷ་མ་སྲིན་འདུལ་བ་སོགས་ལ་ཨུ་རྒྱན་པདྨ་སམ་བྷ་ཝ་སྤྱན་དྲངས་ཡིན་ཏེ། རྒྱལ་པོའི་ཉེར་གཅིག་པ་ཙམ་ལ་མཇལ་བར་སེམས། སྤྱིར་ཨུ་རྒྱན་པ་འདི། སྟོན་པ་ཤཱཀྱ་ཐུབ་པ་བལྟམས་པའི་ཕྱི་ཨོ་ས་མོ་སྦྲུལ་ལ་སྐུ་བལྟམས་ནས་བོད་ཡུལ་དུ་འདས་ལོ་ནས་ཉིས་སྡོང་བརྒྱད་བརྒྱ་གྱ་གཉིས་པ་ས་མོ་གླང་
སྤྱི་ལོ་༧༤༩
རྒྱལ་པོ་ལོ་ཉི་ཤུ་ལོན་པ་ལ་བྱོན། དེང་སང་ཡང་སྲིན་པོའི་ཁ་གནོན་ལ་བཞུགས་སོ།
རྒྱལ་པོས་ལོ་ཉེར་གཉིས་ལོན་པ་ལྕགས་མོ་ཡོས་ཀྱི་ལོར་དཔལ་བསམ་ཡས་ཀྱི་འགྲམ་བཏིང་སྟེ། ས་ཆོག་པདྨ་སམབྷ་ཝ་དང་། ས་བཅད་(དཔྱད) བོ་དྷི་ས་ཏྭས་མཛད། ཨོ་ཏནཏ་པུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ཏེ། རི་རབ་གླིང་བཅུ་གཉིས་ཉི་ཟླ་ཟུང་ལྕགས་རི་དང་བཅས་པའི་བཀོད་པ་མཛད། ལོ་སྐོར་གཅིག་སོང་བའི་ཆུ་མོ་ཡོས་ལ་རྫོགས་པར་གྲུབ་སྟེ། མཁས་གྲུབ་དེ་གཉིས་ཀྱིས་རབ་གནས་མཛད་དོ། དེ་ལྟར་ན་འདས་ལོ་ནས་ཉིས་སྟོང་བརྒྱད་བརྒྱ་དང་གྱ་བཞི་པ་ལྕགས་མོ་ཡོས་
སྤྱི་ལོ་༧༥༡
ལ་བསམ་ཡས་ཀྱི་འགྲམ་བཏིང་། ལོ་དེ་ནས་བརྒྱད་བརྒྱ་དང་བཅུ་བཞི་པ་དང་། ཁྲི་སྲོང་ལྡེ་བཙན་བལྟམས་པའི་ལྕགས་ཕོ་རྟ་ནས་བརྒྱད་བརྒྱ་དང་སོ་ལྔ་པ་ནི་ད་ལྟའི་ཤིང་ཕོ་བྱི་ལོ་འདི་ཡིན་ནོ།
དུས་གསལ་རེའུ་མིག་ན་བསམ་ཡས་བཞེངས་པའི་ཕྱི་ལོ་ཆུ་ཕོ་འབྲུག་ལ་