[A:༥༢] པདྨ་བོད་དུ་བྱོན་པར་བཤད་པ་ནི་སྔ་ཕྱི་གོ་ནོར་ཏེ། བསམ་ཡས་ཀྱི་ས་ཆོག་པདྨས་མཛད་པས་སོ།
རྒྱལ་པོས་ཉེར་དྲུག་ལོན་པ། འདས་ལོ་ནས་ཉིས་སྟོང་བརྒྱད་བརྒྱ་གྱ་བརྒྱད་པ་ཤིང་མོ་ཨུག་
སྤྱི་ལོ་༧༥༥
ལ་སད་མི་བདུན་རབ་ཏུ་བྱུང་སྟེ། བོད་ལ་བཙུན་པ་བཏུབ་མི་བཏུབ་སད་པའི་ཕྱིར་མཛད་དེ། དེ་ཕྱིན་ཆད་བོད་གངས་ཅན་དུ་རབ་བྱུང་འདུལ་བའི་ལས་ཀྱི་ཆག་རོམ་བསྟན་པའི་སྲོལ་ཆེས་དར་བ་ཡིན་ནོ།
དེ་ཡང་དེའི་ཚེ་ཐམས་ཅད་ཡོད་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། མཁན་པོ་བོ་དྷི་ས་ཏྭ་དང་། ལས་གསང་གི་སློབ་དཔོན་ནི། ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་ཡིན་ཞིང་སད་མི་བདུན་ནི། དབའ་མཉྫུ་ཤྲཱི། ཙངས་དྷེ་ཝནཏ། བྲན་ཀ་མུ་ཏི་ཀ་སྟེ་རྒན་གསུམ། མཁན་པོ་ན་ལེནྡ། པ་གོར་བཻ་རོ་ཙ་ན། རྨ་ཨ་ཙརྱ་རིན་ཆེན་མཆོག་སྟེ་གཞོན་གསུམ། བར་པ་གླང་ཀ་ན་ན་རབ་ཏུ་བྱུང་བའི་མཚན་ཡེ་ཤེས་དབང་པོ་དང་བདུན་ནོ།
ཡང་འགའ་ཞིག་ལས་སྦ་སང་ཤིའི་བུ་རཏྣ། འཚིམས་ཨ་ནུའུ་བུ་ཤཱཀྱ་སྲ་བ། པ་གོར་རཏྣའི་བུ་བཻ་རོ་ཙ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་ཨ་ཙརྱ་རིན་ཆེན་མཆོག། འཁོན་ཀླུའི་དབང་པོ་སྲུང་བ། གཙང་ལེགས་གྲུབ་དང་བདུན་ལ་ངོས་བཟུང་འདུག། རྒྱལ་པོ་འདི་ང་དྲུག་པ་ཤིང་མོ་གླང་ལ་གཤེགས།
འདས་ལོ་ནས་ཉིས་སྟོང་དགུ་བརྒྱ་དང་སོ་བརྒྱད་འདས་པའི་སོ་དགུ་པ་མེ་ཕོ་ཁྱི་སྤྱི་ལོ་༨༠༦
ལ་ལྔའ་བདག་ཁྲི་རལ་པ་ཅན་བལྟམས། བཅུ་གཉིས་པ་ལ་ཡབ་འདས་ནས་རྒྱལ་སྲིད་བཟུང་། འོན་འཆང་རྡོ་དཔེ་མེད་ཀྱི་གཙུག་ལག་ཁང་རྒྱ་ཕིབས་དང་དགུ་ཐོག་མས་གཙོས་པའི་གཙུག་ལག་ཁང་སྟོང་རྩ་གཉིས་