R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༦༦
[A:༦༦] འདས་ལོ་སུམ་སྟོང་ང་གཅིག་ལོན་པ་བསྟན་པ་བསྣུབས་པའི་ལྕགས་བྱ་ནས། ལོ་དོན་བདུན་འདས་པའི་དོན་བརྒྱད་པ་ས་ཕོ་སྟག་གི་ལོའམ།
སྤྱི་ལོ་༩༡༨
དཔལ་འཁོར་བཙན་གྱིས་རྒྱལ་སྲིད་བཟུང་ནས་ལོ་བཅུ་བཞི་ལོན་པའི་ས་ཕོ་སྟག་གི་ཚེ། རབ་བྱུང་བསྙེན་རྫོགས་སོགས་ལས་ཀྱི་ཆོ་ག་དང་། ཀློག་པ་ཐོས་བསམ་གྱི་མགོ་ཚུགས་པས་ཕྱི་དར་གྱི་དབུ་བརྙེས་སོ་ཞེས་ཁོ་བོ་སྨྲ་སྟེ། ཆོས་ལ་འཇུག་པའི་སྒོ་ལས། རྒྱལ་པོ་འོད་སྲུངས་ཀྱི་སྲས་དཔལ་འཁོར་བཙན་གྱི་སྐུ་རིང་ལ་རྨ་ལུང་ལ་སོགས་པ་གཙུག་ལག་ཁང་བརྒྱད་བརྩིགས་སོ། དེའི་དུས་སུ་གཙང་པ་མི་གཉིས་དང་། དབུས་པ་མི་གཉིས་མདོ་ཁམས་སྨད་དུ་བྱོན་ནས་སྡོམ་པ་བླངས་ཏེ། ལོ་སྟོན་རྡོ་རྗེ་དབང་ཕྱུག་དང་། ཚོང་གེ་ཤེས་རབ་སེང་གེ་དང་། ཀླུ་མེས་ཚུལ་ཁྲིམས་ཤེས་རབ་དང་། འབྲི་རྗེ་ཡོན་ཏན་རྫི་དཀར་བ་རྣམས་ཏེ་དེ་དག་གིས་དབུས་གཙང་དུ་བསྟན་པ་འོངས་སོ། ཞེས་བཤད་པས། དཔལ་འཁོར་བཙན་གྱི་སྐུའི་རིང་ལ་དབུས་གཙང་དུ་བསྟན་པ་འོངས་པར་ཅེས་གསར་བའི་ཕྱིར་དང་། བསྟན་པ་འོངས་པའི་ས་ཕོ་སྟག་ལོ་དེ། འདས་ལོ་ནས་སུམ་སྟོང་ལྔ་བཅུ་རྩ་གཅིག་པ་དང་། དཔལ་འཁོར་བཙན་གྱིས་རྒྱལ་སྲིད་བཟུང་བའི་ལོ་བཅུ་བཞི་པ་ཡིན་པ་ཡང་། ཆོས་ལ་འཇུག་པའི་སྒོ་ལས། ཤིང་མོ་གླང་གི་ལོ་ལ་གཙང་གི་གཡོ་རུ་བཙད་པོ་ཁྲི་དཔལ་འཁོར་བཙན་གྲོམ་པ་ལྷ་རྩེ་ན་བཞུགས་ནས། ཡབ་ཀྱི་མཛད་པའི་དུས་རྩིས་ནས་ལོ་སུམ་སྟོང་སུམ་ཅུ་སོ་བདུན་ལོན་ནོ། ཞེས་བཤད་པས་ཤེས་ཏེ། འོད་སྲུངས་དྲུག་ཅུ་རྩ་གསུམ་པ་ཤིང་བྱའི་(བྱིའི) ལོ་མཇུག་ལ་གཤེགས་ནས། ཤིང་གླང་གི་ལོ་མགོ་ཙམ་ལ་དཔལ་འཁོར་བཙན་ལོ་བཅུ་གསུམ་པ་ཞིག་གིས། གྲོམ་པ་ལྷ་རྩེར་ཡབ་ཀྱི་གཤེགས་རྫོངས་ཆོས་འཁོར་རྒྱ་ཆེར་བསྐོར་ཏེ་རྩིས་པ་ན་འདས་ལོ་ནས་སུམ་སྟོང་ལོ་བདུན་ལོན་