[A:༦༨] གནས་མ་བཅས་པ་ཡང་ལྗོངས་བསྒྱུར་རུང་ངོ་ཞེས་པ་འདིས་ཐོན་པར་ཁོ་བོ་སེམས་སོ།
རུམ་གྱི་མཁན་པོ་སུ་ཡིན་སྙམ་ན་ཁ་ཅིག། བླ་ཆེན་སྤང་གོང་ཡེ་ཤེས་གཡུང་དྲུང་། གྲུམ་ཡེ་ཤེས་རྒྱལ་མཚན། དེ་ནས་ཀླུ་མེས་སོགས་ཡིན་ཟེར། འགའ་ཞིག་ཞི་འཚོ། རྦ་རཏྣ། གཡོ་དགེ་འབྱུང་། བླ་ཆེན། སྒྲོ་མཉྫུ་ཤྲཱི། གྲུམ་ཡེ་ཤེས་རྒྱལ་མཚན། ཀླུ་མེས་ཞེས་ཟེར་རོ།
རྒྱལ་པོ་རབས་འཕྲེང་ལས། བླ་ཆེན་གྱིས། ཁམས་ཀྱི་སོག་པོ་མི་དྲུག་ལ་སྡོམ་པ་ཕོག། དེའི་ནང་ཚན་བཙུན་ཆེན་ཤེར་འབྱུང་གིས་གྲུམ་ལ། དེས་ཀླུ་མེས་སོགས་ལ་ཕོག་ཟེར། སོག་པོ་མི་དྲུག་ནི། སྤང་གོང་(གོར) ཡེ་ཤེས་གཡུང་དྲུང་དང་། སར་གནས་བསྟན་གྲགས་གཉིས་ཏེ་སྤང་གསར་གཉིས། འལ་པ་རྡོ་རྗེ་དབང་ཕྱུག། བསྣུབས་དཔལ་གྱི་དབང་ཕྱུག་གཉིས་ཏེ་འལ་བསྣུབས་གཉིས། ཇ་པ་གྲགས་པ་དང་། བཙུན་ཆེན་ཤེས་རབ་འབྱུང་གནས་གཉིས་ཏེ། ཇ་བཙུན་གཉིས་སོ།
ལུགས་གསུམ་པ། དེབ་སྔོན་ལས། བླ་ཆེན་ཤིང་ཕོ་བྱི་ལོ་བལྟམས། གཡོ་དམར་གཙང་གསུམ་ལས་བསྙེན་པར་རྫོགས། གོ་རིང་སེང་གེ་གྲགས་ལ་འདུལ་བ་གསན། སྐྱི་རྒྱ་ལའི་གཙུག་ཏོར་ལ་དབུ་ཚད་གསན། རྣམ་དགའ་ལྡན་བྱང་ཆུབ་ལ་ཡོ་ག་གསན། ཀ་འོད་མཆོག་གྲགས་པ་ལ་འབུམ་ཊིཀ་དང་མངོན་པ་སོགས་གསན། ལོ་ཞེ་དགུ་པ་ལ་དན་ཏིག་ཏུ་བྱོན་སོ་ལྔ་བཞུགས་ཏེ། བརྒྱད་ཅུ་རྩ་བཞི་པ་ཤིང་མོ་ཕག་ལ་དགའ་ལྡན་དུ་གཤེགས་སོ། ཤིང་ཕག་དེ་བསྟན་པ་བསྣུབས་པའི་ལྕགས་བྱ་ནས་དོན་ལྔ་པ་ཡིན། དེའི་མཁན་པོ་སྔར་གྱི་སོག་པོ་མི་དྲུག་དང་། གཞན་ཡང་། གཞད་དཔལ་གྱི་རྡོ་རྗེ་དང་། སྲགས་