[A:༦བ-༢༠༢] པོའི་ཆོས་ཀྱི་རྒྱལ་སྲིད་དུ་དབང་བསྐུར་ཞིང་ལུགས་གཉིས་ཀྱི་དབང་ཕྱུག་ཆེན་པོར་གྱུར་ཏེ། ཕྱིས་མེ་སེར་དང་གསེར་སྡིངས་གཉིས་སུ་རེ་མོས་ཀྱིས་བཞུགས། སླར་དགུང་ལོ་གྱ་གཅིག་པ་མྱ་ངན་ལས་འདའ་བར་ཚུལ་བསྟོན་པལ་ཉེ་བའི་ཚེ། "ང་ནི་འདི་ནས་མ་དག་སྐྱེ་བ་མེད། ང་ཡི་བརྒྱུད་པ་བདུན་གྱི་བར་དུ་ནི། རྡོར་དྲིལ་འཛིན་པ་ཙམ་གྱིས་འགྲོ་བ་སྒྲོལ། ཁྱད་པར་བདུན་པ་ང་བས་ལྷག་པ་འབྱུང། བདུན་ཕྲག་བཅུ་དང་གཉིས་ཀྱི་ལོ་ཡི་བར། སྐལ་ལྡན་གདུལ་བྱ་མང་པོ་སྨིན་གྲོལ་འགོད།" ཅེས་རྗེས་འཇུག་གི་བརྒྱུད་པ་རྣམས་ཀྱི་ལུང་བསྟན་གསུངས་ཤིང། དཔལ་ཀུན་ཏུ་བཟང་པོའི་ཕོ་བྲང་དུ་ཞིང་འཕོ་བའི་ཚུལ་བསྟན། གདུང་ཞུགས་ལ་ཕུལ་བས། དབུ་ཐམས་ཅད་ལ་རྒྱལ་བ་རིགས་ལྔ་འབུར་དོད། ཚེམས་ལ་ཐུགས་རྗེ་ཆེན་པོ་སོགས་ངོ་མཚར་བའི་རྟེན་བསམ་གྱི་མི་ཁྱབ་པ་བགྲང་བ་ལས་འདས་པ་བྱོན་པའི་གྲུབ་ཐོབ་ཆེན་པོ་དེའི་གདུང་གི་རིགས་ལ་ཇི་ལྟར་ལུང་བསྟན་པ་བཞིན་གྱི་གདུང་བརྒྱུད་བདུན་པར་རྗེ་འདི་ཉིད་སྐུ་འཁྲུངས་པའི། ཡབ་ནི་ས་ལ་སྤྱོད་པའི་སེམས་དཔའ་ཆེན་པོ་ར་སྐྱེས་ཞེས་བྱ་བ་ངོ་མཚར་བའི་ཡོན་ཏན་དུ་མ་དང་ལྡན་པ་ངག་གི་རྡོ་རྗེ་འགྲུབ་པ་ཞིག་ཡིན་ཏེ། དེ་ཉིད་ཀྱིས་ཡུལ་མི་རྣམས་ཀྱི་བླ་མ་དང་རྩིས་མཁན་མཛད་པས་དཀར་ཕྱོགས་ཀྱི་གཟའ་སྐར་དང། བྱ་བྱེད་ཀྱི་སྤང་བླང་རྗེ་
བ་སོགས་ལ་ངན་པ་དགུ་འཛོམ་ལྟ་བུའི་གཟའ་སྐར་ཡོད་པའི་ཚེ་