R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༨ན-༢༠༥
[A:༨ན-༢༠༥] བཅད་པ་ཐོར་བུ་གསུངས་པར་གྲགས་ཤིང། ཕྱི་རོལ་གྱི་ལྗོངས་རྣམས་སུ་བཞུགས་པའི་ཚེ་ནའང། སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་བྱ་རི་དྭགས་ལ་སོགས་པ་ཐམས་ཅད་ཀྱང་སྐུ་དང་ཉེ་བར་བག་ཕབ་སྟེ་འདུག་པ་ལས། ཁྱད་པར་རི་བོང་གི་ཕྲུ་གུ་སྐུ་དཔང་དུ་སྙེག་པ་ཞིག་ཡོད་པ་ན་ནུབ་ཀྱང་གཟིམས་མལ་དུ་ཉལ་བ་ན། ནམ་ཞིག་གི་དུས་སྐུ་གཞོགས་བསྒྱུར་བའི་འོག་ཏུ་ཚུད་ནས་ཤི་བས་ཞག་མང་པོའི་བར་དུ་ཐུགས་ངལ་གྱིས་གསོལ་བ་སོགས་ཀྱང་ཆེར་མ་བཞེས། ཕྱིས་ཀྱང་དེའི་སྐྱེ་རྒྱུད་མང་པོ་གནང་སྟེ་ཐུགས་ལ་བཅགས་པོ་རང་འདུག
དེ་ནས་དགུང་ལོ་ལྔའི་ངོ་བཞེས་པ་ན། ཕྱིས་ཚོགས་ཀྱི་གདན་སའི་ཐུགས་ཁུར་བཞེས་དུས། བྱ་རོག་གཟིམས་ཁང་ཐོག་ཏུ་མ་བྱུང་ན་གུར་གྱི་བསྐང་གསོ་གནང་དགོས་པ་མིག་དང་རྣ་བའི་མངོན་སུམ་དུ་གྱུར་ཡོད། རྗེ་ཉིད་ཀྱི་ཁུ་བོ་སློབ་དཔོན་རིན་པོ་ཆེ་ཆོས་གྲུབ་དཔལ་བཟང་པོས་འབྲི་ཀློག་ཁ་ཏོན་སོགས་ཕུལ་བའང་ལན་རེ་ཟུང་རེ་ཙམ་གྱིས་ཐུགས་སུ་ཚུད་པའི་ཚུལ་སྟོན། དེ་དུསཚོགས་པགཙང་ཕྱོགས་ལ་ཕེབས། མཁན་ཆེན་རིན་པོ་ཆེ་ཁྲོམ་ཡོན་པ་དང་མཇལ། གུར་ལྷ་བཅུ་གསུམ་མའི་རྗེས་གནང་གསན། རེའུ་ལུག་སྐྱོང་བ་དང་མཉམ་དུ་བསྙེན་སྒྲུབ་མཛད་པས་དཔལ་ནག་པོ་གུར་མགོན་ཞལ་གཟིགས་པར་གྲགས། དེ་ནས་གཟུང་བཟུང་སྟེ་རྗེ་འདི་གར་བཞུགས་སུ་བྱ་རོག་ཟུང་