[A:༨བ-༢༠༦] རེ་འཁོར་མར་གནས་པ་མཐུན་སྣང་དུ་གྲུབ་གསུང་ངོ།
ཕྱིས་
ཁྲོམ་ཆེན་ནམ་མཁའི་མདོག་ཅན་གཤིན་རྗེ་གཤེད།
།ཁྲོམ་སོགས་འགྲོ་བའི་ཉོན་རྨོངས་འདུལ་བའི་ཕྱིར།
།ལྷུན་གྲུབ་ཕྲིན་ལས་རྣམ་བཞིའི་རོལ་ཡིས།
།ལྷུན་གྲུབ་རྒྱུན་ལྡན་འགྲོ་དོན་མཛད་ལ་འདུད།
maybe from Chos grub seng ge's lost autobiography།ཅེས་པའི་བསྟོད་པའང་མཛད།
དགུང་ལོ་བརྒྱད་བཞེས་པའི་ཚེ། བཅོམ་ལྡན་འདས་དཔལ་རྟ་མགྲིན་གྱི་ལས་བྱང། ཀུན་རིག་རྩ་བའི་དཀྱིལ་འཁོར། བཅོམ་ལྡན་འདས་བདེ་བར་གཤེགས་པ་བརྒྱད་ཀྱི་ཐུགས་དམ་བསྐུལ་བའི་རིམ་པ་ལ་སོགས་པ་དཀྱིལ་འཁོར་མང་པོ་ཞལ་འབྱེད་ཐུབ་པ་དང། དེ་ལ་བརྟེན་ནས་གདུལ་བྱ་གཞན་རྗེས་སུ་འཛིན་པར་མཛད་པའི་ཚུལ་ཡང། རྗེ་རང་གི་སྐུ་ཞང་མྱ་ངན་འདའ་ཀའི་གསུང་ལས། ངའི་རྒྱུན་པ་བུ་ཆུང་འདིས་བྱེད་དགོས་གསུང་བ་བཞིན་མཛད། ནུབ་མོ་ཡོལ་བ་ལ་མཆོད་མེ་རླུང་གིས་གཡོས་པའི་མདངས་ཕོག་པས་སྐུ་གདུང་ལངས་ཡོང་བ་འདུག་སྙམ་པའི་ཉམས་ཤར་ཏེ་འཇིགས་པ་ཆེར་མ་བྱུང། རོ་འདི་ཡང་འདྲིས་སླ་མོ་ཅིག་ཡིན་གསུང། དེ་དག་ཀྱང་ཐོག་མ་མེད་པ་ནས་རྟོགས་པ་ཁྱད་པར་ཅན་འཁྲུངས་པའི་སྐུ་ལྟས་སུ་འདུག། དེར་སྐུ་ཁང་གི་ཡར་འདྲེན་དཔྱིས་ཕྱིན་པ་མཛད་པས། ཀུན་ངོ་མཚར་བའི་གནས་སུ་གྱུར་ཀྱང། རྗེ་ཉིད་ནི་དཀོར་ཟས་ཟ་བ་སྔ་བ་བྱས་གསུང། ཕྱིས་ཀྱང་ཐུགས་འབྱུང་བ་ལྟར་མཛད། དེ་ནས་གཟུང་བཟུང་སྟེ་ཡུལ་མི་ཀུན་གྱིས་བྱིན་རླབས་ཞུ་བ། འབྱུང་པོའི་གནོད་པ་བྱུང་བ་