R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༨༧ན-༣༦༣
[A:༨༧ན-༣༦༣] ༄༅། །པའི་རྣམ་གྲངས། དགེ་འདུན་རེའི་ཕྱག་ཏུའང་རྒྱ་དར་ཁ་རེ། གན་སྤོས་བཅུ་ཕྱག་རེ། གསེར་ཞོ་རེའི་གནང་སྦྱིན་གྱིས་ཚིམ་པར་བྱོས། དེ་ནས་རིམ་གྱིས་ཕེབས་པའི་ལམ་བར་གྱི་སྦྱིན་བདག་སོ་སོ་ནས་ཀྱང་བཀུར་སྟི་ལེགས་པར་ཞུས་ཏེ། དེ་ནས་དཔོན་སློབ་ཞལ་རྒྱས་སུ་ལྷ་སར་ཕེབས། ཇོ་བོ་རིན་པོ་ཆེའི་དྲུང་དུ་ཕྱག་མཆོད་སྨོན་ལམ་གྱི་རིམ་པ་སོགས་ཞག་གསུམ་གྱི་བར་དུ་གནང། ཚོགས་པ་རྣམས་སྙེ་ཐང་བར་བྱང་ཁ་རྒྱུད་དེ་ཕྱིར་ཕེབས། རྗེའི་ཞལ་སྔ་ནས། ཕྱག་ལོ་ཙ་བ་ཆེན་པོ་དང། ས་སྐྱོང་ཆེན་པོ་ངག་དབང་རྣམ་རྒྱལ་མཆོད་ཡོན་གྱིས་གཞིས་ཀ་སྣེའུ་སྤྱན་དྲངས་ཏེ། ཚེ་དཔག་མེད་ནད་སྒྲུབ་ལྷ་བཅུ་གཉིས་མ་དང། གསང་སྒྲུབ་ལྷ་བཅུ་དགུ་མའི་དབང། རྣམ་ཐོས་སྲས་ཡང་གསང་བསུང་དམར་ཅན་གྱི་རྗེས་གནང་དང་བཅས་པ་གནང། ཆག་ལོ་ཙ་བའི་དྲུང་དུའང། ཁ་ཆེ་པཎ་ཆེན་གྱི་ཐུགས་དམ་ཕག་མོ་ཀུརྨ་པ་ཏིའི་དབང་དང། བིརྺ་པའི་ཚེ་སྒྲུབ་ལ་སོགས་པ་གསན། མཆོད་ཡོན་ཐམས་ཅད་དགྱེས་པ་དང་ལྡན་པའི་སྒོ་ནས་སྐྱིད་ཤོངས། ལྷུན་གྲུབ་ལྷ་རྩེ་སོགས་སུ་གསུམ་བཅག་རེ་གནང་བ་ནས་ཕེབས་པའི་དགའ་སྟོན་ཆེན་པོའི་ངང་ནས། སྐལ་བ་དང་ལྡན་པའི་གདུལ་བྱ་མཐའ་དག་གདམས་པ་ཟབ་མོ་བདུན་རྩིས་ཚིམ་པར་མཛད། དེ་ནས་ལོ་ཕྱི་མ་ཤིང་མོ་ཕག་དབྱར་ལྷག་པའི་ཟླ་བ་