R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༨༧བ-༣༦༤
[A:༨༧བ-༣༦༤] དང་བཅས་པ་ལ་སྔོན་གྱི་ཞལ་བཞེས་ཇི་ལྟ་བ་བཞིན། དོལ་བཀྲ་ཤིས་རྣམ་པར་རྒྱལ་བའི་ཁང་བཟངས་དམ་པར་ཕེབས་པ་ལ་མངོན་པར་ཕྱོགས་པའི་བྱམས་པ་གླིང་སྨོན་ལམ་ཆེན་པོ་གྲོལ་བའི་ཆུ་སྟོད་ཅན་སྔ་མའི་ཚེས་བདུན་ལ་བཏེག། ལྷུན་གྲུབ་ལྷ་རྩེ་ནས་ཉེ་བར་གཟུང་སྟེ་བཀུར་སྟི་གྱ་ནོམ་པ་དང་བཅས་ཏེ། རྣམ་རྒྱལ་དུ་ཕེབས་ཐོག། དྲུང་ནས་ནམ་མཁའ་ལྷུན་གྲུབ་པ་རང་གི་སྐུ་རིམ་ལ་བསྙེན་བཀུར་བཟང་ཞིང། དགེ་འདུན་རེའི་ཕྱག་ཏུ་གསེར་ཞོ་ཕྱེད་མའི་ཕྱག་གཏོད། རྗེ་ཉིད་དུའང་ན་བཟའ་སྐོར་གྱིས་གཙོས་པའི་འབུལ་བསམ་གྱིས་མི་ཁྱབ་པ་མཛད། ཚེས་བཅོ་ལྔའི་ཉིན། གཞིས་ཁ་ཆེན་པོའི་ཆུ་བདག་གི་ཉེ་བར་བརྟེན་པའི་ཕྱོགས་ན། དགྲ་བཅོམ་པ་ཡོན་ཏན་བློ་གྲོས་ཀྱིས་ཆོས་ཀྱི་འཁོར་ལོ་སྐོར་བའི་ཆོས་ཁྲིད། དཀར་ཕྱོགས་ལ་དགའ་བའི་ལྷ་རྣམས་ཀྱིས་སྐོར་བ་བགྱིས་པས་སྐོར་ལམ་བྱང་བ་མངོན་སུམ་དུ་འབྱུང་ཞིང། ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་ཏུ་གྲགས་པ་ལས། ཀླུའི་དབང་པོས་ཆོས་ཉན་པར་འོངས་པའི་ལམ་གསལ་བར་དོད་པའི་བཞུགས་ཁྲིའི་སྟེངས་སུ་སྟན་འཁོད་དེ། ཚུལ་ཞུགས་དགེ་སློང་གི་དགེ་འདུན་བརྒྱ་ཕྲག་གཅིག་དང། ཚིག་ཕྱི་མ་དགེ་ཚུལ་དུ་བསྙེན་པར་རྫོགས་པ་ཕྱོགས་ཀྱི་གྲངས་ལྡན་གྱིས་ཚུལ་ཤིང་ལེགས་པར་བཞེས་ནས་དབྱར་གནས། ཚུལ་ཤིང་གི་