[A:༩༠ན-༣༦༩] ༄༅། །བྱིན་རླབས་ཏེ། ཡུམ་བཀའ་གསུམ་ལ་སོགས་པ་དང། རྨི་ལམ་ཡིད་བཞིན་ནོར་བུའི་སྐོར། རྣལ་འབྱོར་མའི་ལོ་རྒྱུས། ཏེ་ལོ། གཱ་རོ། མར་པ། མིད་མ། རས་ཆུང་པ། ཁྱུང་ཚང་པ། སྤྲུལ་སྐུ་ལྕམ་སྲིང་གསུམ། ཞལ་ལོ་ཙ་བའི་རྣམ་ཐར་རྣམས་ཏེ་བརྒྱུད་པ་ཡིད་བཞིན་ནོར་བུའི་སྐོར་དང། གཞན་ཡང་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང། བདེ་མཆོག་ལྷ་དྲུག་བཅུ་རྩ་གཉིས། ལྷ་ལྔ་མ། བཅུ་གསུམ་མ་རྣམས་ཀྱི་མངོན་རྟོགས། དཀྱིལ་འཁོར་གྱི་ཆོ་ག་སྨིན་ལམ་རྣམ་པར་གསལ་བ། རྣལ་འབྱོར་མ་ལྷ་བཅོ་ལྔ་མ། ལྷ་བདུན་མ། ལྷ་ལྔ་མར་རྣམས་ཀྱི་མངོན་རྟོགས། དཀྱིལ་ཆོག་བྱིན་རླབས་རྣམས་སེལ། ཚོགས་འཁོར་གྱི་ཆོ་ག། ཕག་མོའི་ཐུགས་སྒྲུབ། དམར་ཆུང་མའི་ཞལ་གདམས། འདུས་མེད་མཁའ་འགྲོའི་བཀའི་བརྗེད་ཐོ་རྣམས་དང། གཞན་ཡང་སྙན་བརྒྱུད་གཞུང་ཆུང་ཡིད་བཞིན་ནོར་བུ། ཏེ་ལོས་ནཱ་རོ་པ་ལ་གསུངས་པའི་དོ་ཧ། རྒྱལ་པོ་ལ་གསུངས་པ་རང་བཞིན་བསམ་གྱིས་མི་ཁྱབ་པ། མཐུ་ཆེན་ལ་གདམས་པ་ཕྲིན་ལས་གདམས་པ་བསམ་མི་ཁྱབ། སྨད་འཚོང་མ་ལ་གདམས་པ་བདེ་བ་ཆེན་པོ་བསམ་མི་ཁྱབ། གླུ་མཁན་མ་ལ་གདམས་པ་རོལ་མོ་བས་མི་ཁྱབ། མུ་ཏེགས་སྟེགས་པ་ལ་གདམས་པ་ཆོས་ཉིད་བསམ་མི་ཁྱབ། གཤན་པ་ལ་གདམས་