R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༨༩བ-༣༦༨
[A:༨༩བ-༣༦༨] རྒྱལ་མཆོད་རྟེན་གྱི་བཟོ་ཐབ་འཛུགས་པར་དགོངས་ཏེ། ནཻ་པཱ་ལའི་ཡུལ་གྱི་རིག་བྱེད་མཁས་པ་ཉི་མ་དཔལ་དཔོན་སློབ་འབྱོར། བཀའ་བཀོད་སོགས་མཆོད་ཡོན་གཉིས་དང། རྗེ་ངག་དབང་བསོད་ནམས་ཡར་རྒྱལ་བ་གསུམ་གྱིས་ཞལ་བཀོད་གནང་བའི་མོད་ལ། སྐལ་བར་ལྡན་པ་རྣམས་ལ་སྐྱེད་རྫོགས་ཀྱི་གདམས་པ་ཟབ་མོས་ཚིམ་པ་བསྐྱེད། མི་དབང་དྲུང་དུ་ཕྱོགས་ཕྱོགས་ནས་བྱོན་པའི་གསེར་ཡིག་པ་གྲགས་ཞན། དགེ་བའི་བཤེས་གཉེན་མང་པོ་ཡང་གསུང་གི་བདུད་རྩི་སོ་སོའི་རེ་བ་སྐོང་བར་མཛད། དུས་དེར། གདན་ས་ཐེལ་མཐིལ་གྱི་མཁན་པོ་རིན་པོ་ཆེ་བྲག་ལྕོགས་དགེ་རྒྱས་སུ་ཕེབས་ནས། རྗེ་བཙུན་དམ་པ་འདི་ཉིད་གདན་འདྲེན་ཞུས་སྟེ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། རས་ཆུང་སྙན་བརྒྱུད་ནོར་བུ་སྐོར་གསུམ་གསན་པར་བཞེད་པ་བཞིན། ཐོག་མར་སྐུ་ཚེ་འཕེལ་བའི་རྟེན་འབྲེལ་དུ། ཚེ་དཔག་མེད་ཕྱི་ནང་གསང་གསུམ་གྱི་ཆོས་སྐོར་ལས་ཕྱི་སྒྲུབ་ལྷ་གཅིག་བུམ་ཅིག་ཏུ་སྒྲུབ་པ་ཚེ་ཁྲིད་རྒྱས་པ་དང་བཅས་པ ། ནང་སྒྲུབ་ལྷ་བཅུ་བཞི་མའི་དབང། ཚེ་སྒྲུབ་རྒྱུན་གྱི་ཞལ་གདམས། གསང་སྒྲུབ་ལྷ་བཅུ་དགུ་མ་སོགས་ཚེ་དཔག་མེད་ཀྱི་སྒྲུབ་སྐོར་མཐའ་ཡས་པ་དང། བཅོམ་ལྡན་འདས་དཔལ་འཁོར་སྡོམ་པ་ལྷ་དྲུག་བཅུ་རྩ་གཉིས་དང། ལྷ་བཅུ་གསུམ། ཕག་མོ་ལྷ་བཅོ་ལྔ། ལྷ་བདུན་མ། ལྷ་ལྔ་མའི་