[A:༡༠༩བ-༤༠༨] སྒོ་ཐམས་ཅད་རབ་ཏུ་བརྟན་པའི་ཕོ་བྲང་དུ་བསྙེན་རྫོགས་ཞུ་བར་ཕེབས། དེ་དུས་ཁོང་གི་གསུང་ལས་བདག་ད་རེས་སྐུ་མདུན་འདིར་བསྙེན་རྫོགས་ཞུ་བའི་དོན་པོ། རྗེ་བཙུན་མི་བསྐྱོད་རྡོ་རྗེའི་དྲུང་དུ་བསྙེན་པར་རྫོགས་པ་ཅིག་བགྱིད་འདོད་པ། མཁན་པོའི་ལུང་བསྟན་ཞིག་གནང་དུ་གསོལ་ཞེས་གསོལ་བ་ན། དེ་ཤིན་ཏུ་ལེགས་པས་དབུས་གཙང་དུསོང། ཚོགས་པ་དགེ་འདུན་སྒང་པའི་མཁན་ཆེན་རིན་པོ་ཆེ་ལ་བསྙེན་པར་རྫོགས་པ་བསྒྲུབས། ངེད་ཀྱང་དེར་བསྙེན་པར་རྫོགས་པ་ཞུ་འདོད་ཡིན་པས་དེའི་རྟེན་འབྲེལ་སྒྲིག་པ་ལའང་དེས་ཤིས་པ་ཡིན་གསུང་བ་ཕེབས་པས་འདིར་ཐག་རིང་པོ་བསྐོར་ཡོངས་པ་ལགས་ཞུ་བ་དང། ཕྱིས་བྱ་ལོའི་དགུན་གསོལ་ཇ་བ་དོན་གྲུབ་རྒྱ་མཚོའི་དབུས་གཙང་ཚོར་མངགས་པའི། ཆོས་ཀྱི་སྤྱན་ཅན་འདིའི་དྲུང་དུ། ཐུབ་དབང་གི་སྐུའི་མདངས་ཉེ་བར་མཚོན་པའི་གོས་ལུ་ཧང་ཁཡོངས་སུ་གང་བ་ཐ་གྲུ་མ་ཉམས་པའི་བཀའ་ཡིག་གི་ཕྲེང་བ་དང། ངེས་པ་མི་འགྱུར་བའི་བཀའ་སྩལ་དང་བཅས་ཏེ་ཕེབས་པ་ལ། རབ་བྱ་ཡུལ་ཙམ་དུ་ཚོགས་པ་ཕེབས་པ་མཛད། ངེད་ཀྱང་སྒར་གྱི་སྤྲོས་པ་ཆེན་མི་བྱེད་པར། ཚོགས་པའི་ཞབས་ཏོག་བྱ་བ་ལ་སྙད། ངེད་རྣམས་འཕྲལ་འཚོ་བྱས་པའི་མཇལ་འཛོམ་ངོས། ཁོ་བོའི་བསྙེན་པར་རྫོགས་པ་སྒྲུབ་འདོད་པའི་བསམ་པ་རྩིས་ཐོག་ཏུ་སོང་ན་དང། གལ་ཏེ་མ་བྱུང་ན། སྐུ་ངལ་བ་མི་དགོངས་