[A:༡༡༠ན-༤༠༩] ༄༅། །པར་སངས་རྒྱས་ཀྱི་བསྟན་པ་ཐུགས་ཀྱིས་གཅེས་པར་གཟུང་སྟེ། ཀོང་པོའི་ཕྱོགས་ལ་ཆིབས་བསྒྱུར་བའི་བདག་གི་འདོད་པ་གྲུབ་པ་ཅིག་དགོས་ཕེབས་པ་ལ། སྤྱིར་ཐམས་ཅད་མཁྱེན་པ་ཀརྨ་པའི་དགོངས་པ་ལ། ང་དགེ་དུན་སྒང་པའི་མཁན་པོ་ཡིན་པར་གྲགས་པ། གཞན་སྣང་དུ་བསླབས་པ་དང་མཐུན་པའི་ཀུན་དུ་སྤྱོད་པ་ཡོད་དགོངས་ཀྱང། ཁོ་བོ་ནི་སྦྱིན་བདག་གི་ཕྱོགས་སུ་ལྷུང་བའི། ལྟོ་ནང་བྱིན་ན་ནང་ཟ། ནུབ་བྱིན་ན་ནུབ་ཟ། སྣོད་ཀྱང་ཐོད་ཕོར་སོགས་གང་བདེར་ཟབ་ལས་མེད་པ་དང། རྟགས་ཀྱི་ཁྱད་པར་ཡང་སྦྱིན་བདག་གིས་གང་སྦྱིན་ཁ་དོགས་དང་གཟོ་དབྱིབས་སོགས་ངེས་མེད་དུ་ལོངས་སྤྱོད་པ་ལ་འདི་བྱ་འདི་བྱེད་ཀྱི་གཏད་སོ་མེད་པ་འདི་འདྲས་ཞབས་ཏོག་ག་ལ་འགྲུབ། ཁྱེད་ཀྱིས་དེ་ཀའི་དགོངས་ལེན་གང་ལེགས་མཛད་འཚལ་ཞེས་བཀའ་སྩལ། འོན་ཀྱང་རྟེན་འབྲེལ་འཆུགས་དོགས་པའི་དགོངས་པའང་ཤར་ཏེ། སྔོན་གྱི་སྐྱེས་རབས་རྣམས་ན་སོ་སོ་སྐྱེ་བོ་ཐ་མལ་པས་ཀྱང། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་་ཀྱི་ཡོངས་འཛིན་མཛད་པའི་རྣམ་ཐར་མང་ཞིག་སྣང་བ་ལྟར། ངེད་སོ་སོ་སྐྱེ་བོ་འདིས་ཀྱང། ཐམས་ཅད་མཁྱེན་པའི་བསྙེན་རྫོགས་འབུལ་བ་ལྟ་བུའི་སྨོན་ལམ་མཐུ་བཙན་པ་ཞིག་ཡོད་ན། དགས་དྭགས་ཀོང་མཚམས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་ངེས་དགོངས་པ་ཡོངས་སུ་བསྐང་བར་སྨོན་པ་ལགས། ཤེས་པའི་ཞུ་བ་མ་ཉམས་པ་དང། ཞུ་ལན་ཀྱང་འབུལ་ལུགས་གང་ཟབ་མཛོད་ཅེས་