R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༡༣ན-༤༡༥
[A:༡༡༣ན-༤༡༥] ༄༅། །ལོ་དུས་ཀྱི་སྡེ་པ་ཞལ་ངོའི་སྐུ་རིམ་སེར་སོགས་ཀྱི་གྲལ་དབུ་གནང། དེའི་མོད་ལ་རྟེན་འབྲེལ་གྱི་སྒོ་ལས་བརྩམས་པའི་སྡེ་པ་ཞལ་ངོ་རྣམས་ཕྱག་འབུལ་དེ་ཉིད་དུ་གྲུབ་པ་གནང། ཉ་མོའི་དུས་སྦྱོར་ལ་བབས་པ་རིག་སློབ་ཆོས་སློབ་སོགས་མཁས་པའི་བྱ་བ་སྣོགས་པ་བསྒྲུབ་པའི་དུས་སྦྱོར་བཟང་པ་དེ་ཉིད་ལ་ཐེགས་ལམ་དུ་ཞུགས་པའི་ཐོག་ལ། མཉམ་མེད་ཞ་ལུ་ལོ་ཆེན་གྱི་དྲུང་དུ་ཕེབས་ཕྱག་འབུལ་སྨོན་ལམ་གདབ་པ། ཐུགས་དམ་བརྟག་པ་སོགས་ལེགས་པར་གནང་བ་ལ། རྗེ་རིན་པོ་ཆེ་པའི་ཀོང་པོའི་ཐེགས་བཞུགས་འདི་ཉེས་རྡུལ་གྱི་ཆ་ཕྲ་བས་ཀྱང་མ་གོས་པ་ནས་དགོངས་བཞེད་མཐར་ཕྱིན་གྲུབ་འོང་བ་འདུག་ཅིང་། ལས་ཀྱི་བར་དུ་སེལ་ཐབས་ཅུང་ཟད་ཙམ་དུ་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས་པ་དང། ཀོང་པོ་ཆུ་ངན་པས། གསོལ་ཇའི་ཆབ་དེ་གྲུ་ལ་རྟེན་པའི་གཙང་པོའི་དཀྱིལ་ནས་བསུ་བའི་བཀོད་པ་སོགས་ཐུགས་རྒྱུས་ཐོག་ནས་སྙན་བསྐུལ་མང་པོ་གནང། དེ་ནས་ཕྱག་འབུལ་གནང་སྟེ། ལུག་གི་དུས་སྦྱོར་ལ་བབ་པའི་ཚེ་བསམ་གྲུབ་དར་རྒྱས་སུ་ཕེབས་པ་གནང། མཁོས་སུ་ཕེབས་པའི་ཞབས་ཏོག་གྱ་ནོམ་པ་ཞུས། སང་གི་གདུགས་སྔ་བ་ལ་རྣམ་སྲས་གླིང་དུ་ཕེབས་གདོང། མི་མང་པོའི་འདུ་ཚོགས་གི་དབུས་ནས་ཕེབས་དགོས་ཤིང། ཐོག་མའི་ལམ་ལ་ཕེབས་པའི་སྐུ་ངལ་བའི་རྣམ་པས། ཆིབས་ཐོག་ནས་