R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༡༢བ-༤༡༤
[A:༡༡༢བ-༤༡༤] ཤས་ཆེར་ཐེགས་པ་ཅིག་རང་དགོས་ལ་ཆེ་ཞེས་ཞུས་ཤིང། དེ་ནས་ཇི་ལྟར་བྱས་ཀྱང་འགྲོ་དགོས་པ་ཅིག་ལ་ཐག་མི་གཅོད་ཁ་མེད་འདུག་དུས། ཚོགས་པ་རྣམས་ལའང་དེ་ཀའི་གྲབས་མཁོས་བྱེད་པ་དང། ཁྱོད་ཉེ་གནས་རྣམས་ཀྱང་དེ་བཞིན་ཤོམས་སྒྲིག་ནས། སྡེ་པ་ཞལ་ངོའི་དྲུང་དུ་ངེད་རང་གིས་རྒྱུ་མཚན་འབུལ་ཞེས་བཀའ་སྩལ་ནས། ཐམས་ཅད་ནས་ཐེགས་གྲབས་ཀྱི་ཐུགས་རྩོམ་ལ་འབད་པར་གྱུར་ཏོ། །བསྟན་པ་རིན་པོ་ཆེ་ལ་ཐུགས་བཞེན་པའི་དགེ་བའི་ལས་ལམ་ཆེན་པོ་ལ་ཐུག་གཏོད་པ་གནང་བ་དེ་ནས། གྲའི་དཔོན་རྣམ་པ་སྙིང་ཐག་པ་ནས་གུག་པ་གཙོ་ཆེ་བའི་སྐྱ་སེར་གྲགས་ཞན་ཀུན་ཀྱང་ཐེགས་པ་འདི་ལ་སེམས་མ་རངས་པ་དང། སྡེ་པ་ཞལ་ངོ་རྣམས་ཀྱིས་བཤུལ་ལམ་བགྲོད་པའི་ཉེར་སྤྱད་བཟང་དགུས་འབྱོར་ཞིང་མཁོ་དགུ་མ་ཚང་བ་མེད་པའི་འབུལ་ནོད་དང། བཀྲ་ཤིས་རྣམ་རྒྱལ་ནང་དུ་ནས་དྲུང་ནས་བགྲེས་གཞོན་གྱིས་ཀྱང་འབུལ་ནོད་རྒྱ་ཆེ་ཞིང་མཁོ་དུ་ཕེབས་པ། ཁྱད་པར་དྲུང་ནས་སྐུ་བཞོན་པས་མཁོ་བའི་ཡོ་བྱད་གང་ལ་གང་འོས་མ་ཚང་བ་མེད་པ་དང། ན་བཟའ་དང་བཅས་པའི་འབུལ་བ་ནི་བསམ་ལས་འདས། དེ་བཞིན་དུ། སྒྲོ་མཁར། བསམ་གྲུབ་དར་རྒྱས་སོགས་དཔོན་རིགས་སོ་སོ་ནས་རང་རང་གི་ཁྱོད་དང་འཚམས་པའི་འབུལ་བ་མཐའ་ཡས་པ་མཛད། དེ་ནས་མེ་མོ་ཕག་ལོ་ཟླ་བ་དགུ་པའི་ཉེར་གསུམ་གྱི་སྔ་དྲོའི་ཆ་ལ་