R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༡༥ན-༤༡༩
[A:༡༡༥ན-༤༡༩] ༄༅། །གྱུར་པའི་བཀའ་གྲོས་གནང་བ་ན། འོལ་ཁ་ནས་ནང་སོ་ཞལ་ངོའི་ཞུ་བ་འདིར་ལོ་མང་པོའི་བར་བཞུགས་པ་བཀའ་དྲིན་བསྐྱངས་ཀྱང་ཞབས་ཏོག་འདི་བས་ཞན་པར་མི་གཏོང། ངོ་བོ་ཐམས་ཅད་མཁྱེན་པ་ཀརྨ་པས་སྤྱན་དྲངས། རྗེའི་ཞལ་སྔ་ནས་ཀྱང་ཕེབས་པ་འདི། བདག་ཅག་ཚུར་རོལ་མཐོང་བ་རྣམས་ཀྱི་བློའི་སྤྱོད་ཡུལ་མིན་པས་དཔག་པར་མི་ནུས་ཞེས་ཞུས་པས། དེ་ནས་ཕྱག་ཕྱིར་བ་རྣམས་བཀའ་གྲོས་མཛད་དུས། ཕལ་ཆེ་བ་ནི་སྐུ་ཁམས་རྟེན་ཡང་མ་ཐེགས་ན་མི་ཡོང་ཞེས་དང། ཁ་ཅིག་གིས་ཡར་རྒྱབ་དུ་སྐོར་གཡེང་ཙམ་ཞུ་བ་འཐད་ཟེར་དུས། བཀའ་ལས་ཁྱེད་རྣམས་ཁ་མཐུན་པ་ཞིག་མི་འོང་འདུག་པས་དོ་ནུབ་ལ་སོ་སོར་སོང། སང་ཇི་ལྟར་དྲག་ལྟ་བ་ཡིན། དེ་ནས་སྦྲོངས། རྫོངས་ཀྱི་དུས། དེ་རིང་ཁྱོད་ཚོ་ཇི་ལྟར་བྱེད་པ་ཡོད་ཕེབས་པ་ལ། བཀའ་བཀོད་དང་བསྟུན་པ་མ་གཏོགས་འདི་བྱའི་གཏད་སོ་མེད་ཞུས་པས། དེ་རིང་འགྲོ་བའི་གྲབས་བགྱིས། ཆོས་སྐྱོང་འདི་ཡང་སྔན་སྔན་ལ་འབྱོན་གྱི་འདུག། ནང་སོ་རྣམ་པ་ལ་དེ་ཀའི་ཞུ་འཕྲོད་ཕུལ་ལ། ཆོས་བཞིན་འབུལ་བའང་འཕྲལ་དུ་བྱེད་པ་ཡིན་ཕེབས་པ་ལྟར་ནང་སོ་ཚོར་ཡང་དེ་ལྟར་ཞུས། སོ་སོའི་ཐུགས་བཞེད་དང་མཐུན་པར། ཞལ་ངོ་རྣམས་ལ་རྣམ་སྲས་ཞི་བའི་རྗེས་གནང་དང། ཕྱག་རྡོར་འགྲོ་བཟངས། སྲས་ལ་སྒྲོལ་དཀར་