R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༡༥བ-༤༢༠
[A:༡༡༥བ-༤༢༠] གྱི་རྗེས་གནང། ནང་སོ་མ་ཆེན་དྲུང་དུ་སྙིང་པོ་དོན་གསུམ། ཡབ་ཡུམ་སྲས་རྣམས་ལ་བླ་མའི་རྣལ་འབྱོར་སོགས་གནང། སོ་སོ་ནས་འབུལ་ནོད་ཀྱང་ཐུགས་དད་ཀྱིས་བླངས་པ་ཕུལ། དེ་ནུབ་དཔལ་ཆེན་ལྷ་ཁང་དུ་བཞུགས། རྟ་མགྲིན་མཇལ་བ་སོགས་གནང། སླར་ཡང་གངས་ཤིན་ཏུ་ཆེ་བ་ལ་ཞག་གསུམ་ཙམ་ཐེགས་དགོས་པ་བྱུང་བའི་ལ་ཕར་ནང་གི་མེ་ཏོག་ཐང། མཚལ་ཆུ་རྣམས་སུ་ཞག་ཏེ་གནང་བའི་མཚལ་ཆུར་ཕེབས་པའི་རྒོངས་། སྐུའི་ཆ་ཐམས་ཅད་ཆབ་ཀྱིས་གང་བས་སྤྱན་འབྱེད་འཛུམས་མི་གནང་ཞིང། ཆིབས་ཐོག་ནས་གདན་འདྲེན་གོ་ནད་ཆེ་བའི་ཞབས་འབྲིང་བ་རྣམས་སེམས་འཕྱོ་བའི་ཧད་ཧད་པོར་གྱུར་ནའང། ཞབས་བརྟན་པའི་གསོལ་བ་འདེབས་པ་ལས་ཐབས་མ་རྙེད་པར། ཡར་རྒྱབ་ཕྱོགས་སུ་བང་ཆེན་གཏོང་བའི་མནོ་བསམ་གྱི་མུ་ནས། ཅུང་ཟད་མནལ་བ་ན་སང་ཐོ་རངས་ཀྱི་དུས། དེ་ན་སུ་ཡོད་བཀའ་ཕེབས་བདག་ཅག་རྣམས་ཡོད་ལགས་ཞུས་པས། ཁ་སང་ཁྱེད་རྣམས་སེམས་མ་སྦྱོང་ངམ། ད་འགྲོ་འདུག་ཇི་ལྟར་བྱེད་ཕེབས་པ་ལ། དེ་རིང་སྐུ་ངལ་བསོས། དེ་ནས་བཀའ་བཀོད་དང་བསྟུན་པ་མ་གཏོགས་བདག་ཅག་ཚོ་ལ་འདི་བྱའི་ངེས་པ་མེད་ཞུས་པས། དེ་རིང་སྡོད་པ་དེ་ཀ་ལེགས་འདུག། ད་ནང་རིན་པོ་ཆེ་རབ་འབྱོར་བའང་ཕེབས་བྱོན། ད་ཁམས་ཀྱང་བདེ་མོ་ཡོང་བར་འདུག། ངེད་ཀྱིས་འཁྲུལ་འཁོར་ཅིག་བྱས། དེ་ནསཆོས་མཛད་པ་