R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༣ན-༢༡༥
[A:༡༣ན-༢༡༥] ༄༅། །རྒན་པོ་འདི་འདྲ་འོང་ལ། བདག་ལ་ངན་བསླབས་བྱས་པས་མ་ཆོག་པར། སློབ་དཔོན་ལའང་དབུ་སྨད་ཀྱི་གཏམ་འདི་འདྲ་བྱེད་པ། ད་ཅིར་སོང་ཀྱང་གྲྭ་ས་བཟང་པོ་ཅིག་གི་འཆད་ཉན་ཕེར་བའི་ཡོན་ཏན་ཅིག་མི་སློབ་མཐུ་མེད་དུ་འདུག་དགོངས་པ་བྱུང་གསུང། རྒྱུ་གསུམ་པ་ནི། དེ་ནས་བཀའ་བཅུ་འཛིན་པ་བྱང་ཆུབ་ཆོས་གྲུབ་ལ་རྟེན་ནས། ཕར་ཕྱིན་བློ་གསར་གྲྭ་སྐོར་སྦྲེལ། ཚོགས་སུ་གསར་བུའི་གྲྭ་སྐོར་ཅིག་ཀྱང་མཛད། དེ་དུས་རིགས་ལྡན་གྱི་སྤྲུལ་བའི་སྐུ་ཏའི་སི་ཏུ་རྣམ་རྒྱལ་གྲགས་པ་དཔལ་བཟང་པོས། ཚོགས་ཕལ་མོ་ཆེ་ལ་དུས་ཀྱི་འཁོར་ལོ་ཡོངས་རྫོགས་ཀྱི་དབང་གནང་གི་འདུག་པ་ལ། སྐོམ་པ་ཆུར་སྙེག་པ་ལྟ་བུའི་ཐུགས་དུངས་པར་བྱུང་ཀྱང། དབུ་འདོན་ཆེད་གཉེར་ནི་མེད། གྲོགས་དན་ས་གཞན་ནི་མ་བཙལ། རྗེ་ཉིད་ཀྱང་ཐུགས་ངོས་བཤུལ་བ་ཅིག་ཡོད་པས་རང་སྟབས་ཀྱིས་ཐེགས་པའང་མ་སྤོན་ནས། འགོལ་བའི་གནས་རྣམས་སུ་སྤྱན་ཆབ་འབའ་ཞིག་བསིལ་ཞིང། དབུ་མཛད་པའི་གསུང་དེ་ཡང་བདེན་པ་ཙམ་དུ་འདུག་དགོངས་པ་བྱུང་གསུང། ཕྱིས་གསུང་ཆོས་གནང་བའི་དུས་ཐམས་ཅད་དུ་སྙོམས་ཆུང་དོན་གཉེར་བ་རྣམས་དང་བཙུན་ཆུང་རྣམས་དོ་གལ་ཆེན་པོས་ཆུག་པ་གནང།
Encounter with Thang stong rgyal po དེ་ནསཚོགས་པབྱང་སྟག་རྩེ་ལ་ཐེགས། དབྱར་ཟླ་བ་གསུམ་ཞལ་གྱིས་བཞེས། ཕྱིར་ཕེབས་པའི་བཤུལ་ལམ་འགུར་རྒྱུད་པའི་རི་བོ་ཆེའི་ཕྱོགས་ལ་བྱུང་བས། གྲུབ་ཐོབ་ཐང་སྟོང་