R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༣བ-༢༡༦
[A:༡༣བ-༢༡༦]རྒྱལ་པོ་དང་མཇལ། ཚོགས་པའི་ཞག་གསུམ་གྱི་ཞབས་ཏོག་ཕུན་སུམ་ཚོགས་པ་མཛད། དེ་དུས་གྲུབ་ཐོབ་ཆེན་པོའི་ཞལ་ནས། "ཁྱེད་ཚོགས་པ་སྡེ་བཞི་འདི་སངས་རྒྱས་ཀྱི་བསྟན་པའི་གཞུང་ཤིང། མ་ལྟ་བུ་ཡིན། དེའི་ནང་ནས་ཀྱང་ངེད་སངས་རྒྱས་ཀྱི་བསྟན་པའི་སྒོར་འཇུག་པ་ཁྱེད་རྣམས་ཀྱི་མཁན་པོ་གཉག་ཕུ་ཐམས་ཅད་མཁྱེན་པ་ཡིན། ཁོང་གིས་ངེད་རྟེན་སྐྱའོ་དེ་ལ་དགེ་བསྙེན་མ་བྱིན་པར་གོས་དམར་པ་ཅིག་བསྐོན་ནས་བསྟན་པའི་སྒོར་བཅུག་ན། ངས་ཀྱང་ཤཱཀྱ་ཐུབ་པའི་བསྟན་པ་ལ་འདི་བས་བྱ་བ་ཆེ་ཙམ་བྱེད་ཐུབ་པ་ཡིན་ཏེ་གསུང་ཞིང་སྐུ་རྩོད་དང་དགྱེས་པ་ཆེན་པོའི་ཚུལ་མཛད། ངེད་རི་བོ་ཆེ་བའི་རྡོ་ཁྲལ་འདི། སྐུ་མི་བཙུན་ཁས་མི་དྲག་པར་ཐམས་ཅད་ཀྱི་སྐྱེལ་དགོས་པ་ཡིན་ཏེ། ཁྱེད་ཚོགས་མོ་ཆེ་་ཡུལ་གཉན་པས་མི་འདེད་"གསུང་། དེ་དུས་ཚོགས་པ་རྣམས་ལ་བླ་མའི་རྣལ་འབྱོར། ཐུགས་རྗེ་ཆེན་པོའི་སྒོམ་བཟླས་སོགས་ཀྱི་ཆོས་འབྲེལ་དང། རྗེ་ཉིད་ལའང་སྒེར་དུ། གུ་རུ་ཞི་བའི་དབང། ཐུགས་རྗེ་ཆེན་པོའི་རིགས་གཏད། མགོན་པོ་ཕྱག་དྲུག་པའི་གཏོར་དབང་ཡོགས་གསུང་ཆོས་ཐུགས་ཁ་རྫོགས་པ་གནང། མ་འོངས་པ་ན་འགྲོ་དོན་རྒྱ་ཆེ་བར་འོང་བའི་ལུང་བསྟན་ཀྱང་མཛད། རྗེས་སུ་གདན་སར་ཕེབས་དུས་ཀྱང། ཕྱག་མདུད་དཀར་པོ་ཁ་ཡོངས་སུ་གང་བ། ཚེ་རིལ་སོགས་རྟེན་འབྲེལ་སྒྲིག་པ། ལེགས་ཇའི་གནང་