R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤བ-༢༡༨
[A:༡༤བ-༢༡༨]བའི་ཐུགས་རྗེའི་ཡོན་ཏན་ཀུན། །གཅིག་ཏུ་བསྡུས་པ་སྤྱན་རས་གཟིགས་དབང་ཉིད། །རྣམ་སྣང་རྒྱལ་བའི་རྣམ་པར་རོལ་བ་ཡིས། །འགྲོ་བའི་ངན་སོང་སྦྱོང་མཛད་སྙིང་པོར་འདུད། maybe from Chos grub seng ge's lost autobiography།ཅེས་པའི་བསྟོད་པ་ཡང་མཛད།
Through gTsang to Yar rgyab rGyal chen gling དེ་ནས་རིམ་གྱིས་རྟེན་ཁེབསརྩེ་ཤར་ནུབགཞིས་ཁ་རིན་སྤུངས་སོགས་རྒྱུད། སླར་ ལྕགས་ཕོ་སྟག་ལ་རྣམ་པར་རྒྱལ་བའི་ཕོ་བྲང་ལ་འགྲན་པ་ལྟ་བུ་རྒྱལ་པོའི་ཕོ་བྲང་
འདོད
་དགུ་མཐའ་དག་ལྷུན་གྲུབ་ཏུ་འབྱུང་བའི་གནས་རྒྱལ་ཆེན་གླིང
་དུ་ཕྱག་ཕབ། བསྟན་པ་སྟོབས་ཀྱིས་འདེགས་པའི་ས་སྐྱོང་བའི་དབང་པོ་
ཆོས་ཀྱི་རྒྱལ་པོ་
རིན་ཆེན་བཟང་པོ
་དང། མི་དབང་རྡོ་རྗེ་བདེ་མཡབ་ཡུམ་སྲས་དང་བཅས་པ་ཡོན་མཆོད་ལྷན་ཅིག་ཏུ་གདན་འཛོམ་པ་མཛད། དགེ་འདུན་རྣམས་ལ་བརྙེད་བཀུར་མཐའ་ཡས་པ་བསྟབས་ཤིང། དབྱར་གནས་པར་ཞལ་གྱི་འཆེས། དེའི་ཚེ་ཕས་ཀྱི་རྒོལ་བ་མཐའ་དག་ལ་མི་འཇིག་པའི་སྤོབས་པ་དགེ་བ་ཅན་བཤེས་གཉེན་དམ་པ་མགོན་པོ་རྒྱལ་མཚན་པ་ལ་བརྟེན་ནས། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་སོགས་ཚད་མ་སྡེ་བདུནཕར་ཕྱིན་རོང་ཊཱིཀ། ཕར་ཚད་ཀྱི་སྤྱི་དོན་མང་པོ་དང་བཅས་པ་ལ་ནག་འཛིན་མཛད། དབྱར་ཆོས་ཀྱི་སྐབས་སུ་མཚན་ཉིད་པ་རྣམས་རིག་ལུང་མཛད་དགོས་པའི་རིག་ལུང་ལ་ཐེགས་དུས། རྒོངས་ཤིག་ཆུ་འདུས་དབོན་པོ་བས་བསམ་མནོ་མའི་འཁོར་གསུམ་ཅིག་སོང། དེ་ལ་རྗེ་ཉིད་རང་སྐུ་ཡོན་ཆེ་བའི་བསྙེམས་པ་དང་། སྐུ་བཞོན་པ་ན་མཉམ་གྱི་ཆགས་སྡང་གི་རྣམ་