[A:༡༥ན-༢༡༩] ༄༅། །པའི་ཐུགས་རྒྱལ་དང་བཅས། དགོངས་པ་ལ། དབོན་པོ་འདིས་མདུན་དུ་ཐལ་མོ་བརྡེབ་མི་ཐུབ་པ་ཅིག་གི་རིག་པ་ཅིག་མ་བསླབས་ན་ཅི་མ་རུང་སྙམ་པ་ཐུགས་ལ་ཤར་གསུང་དེ་ནི་རྒྱུ་གསུམ་པའོ།
།རྒྱུ་བཞི་པ་ནི།
དེ་ནས་ཡུན་མི་རིང་བ་ཞིག་ན། མཁན་ཆེན་རིན་པོ་ཆེས་དོན་གཉེར་མང་པོ་ཞིག་ལ་ཁྲོས་མ་ནག་མོའི་རྗེས་གནང་གནང་གི་འདུག་པ་ལ། རྗེ་ཉིད་ཀྱིས་ཀྱང་ཞལ་ཏ་ལ་ཞུས་པར་གྱ་ཚོམས་སུ་ཐེགས་པས། ཁོ་དེ་ཆོས་གྲུབ་སེང་གེ་ཁྱོད་ལ་འདིར་སུས་ཤོག་ཟེར། ད་ལྟ་རང་དོན། ཐགས་མཁན་ལ་ཡང་སང་བརྡ་དགོས་ཀྱི་འདུག། རྔ་མཆན་ང་ལ་མིན་ཆོས་ལ་ཡིན། ཤཱཀྱ་ཡོན་གྱིས་ལག་པ་ནས་བཟུང་མ་ཐོན་གསུང་བ་བྱུང་བས། ཁོང་གིས་འདོན་རང་གི་མ་ནུས། ངས་ཀྱང་སྡུག་སྲན་བྱས་བསྡད་པས། རྗེ་རང་གིས་བཞེངས་ཏེ་ལག་པ་ནས་བཟུང་བཏོན་བྱུང་བ། ཕྱིར་ཡོངས་སྐས་བཤམ་གྱི་ཟུར་སྦུག་དེར་བསྡད་ཙ་ན། རྗེ་ཉིད་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཏེ་ཡུག་ཅིག་སོང་བ་དང། ཤཀ་ཡོན། ལྐུགས་པ་ཆོས་གྲུབ་གར་སོང། ད་བོས་ལ་ཤོག ཁོ་ལ་བཏད་ཅིག་བྱུང་དོགས་འདུག་པས་བསྐྲད་པ་ཡིན། གཞན་མ་ཁྱེད་འདིར་འཚོགས་ཀུན་ལ་བྱིན་པ་བས། ཁོ་ལ་སྦྱིན་པ་ལྷག་པ་ཡིན་ཞེས་གསུང་ཞིང། ཡིག་ཆའི་ལུང །