R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༥བ-༢༢༠
[A:༡༥བ-༢༢༠] གནད་ཀྱི་མན་ངག་དང་བཅས་པ་གནང་བའི་རྗེས་སུ་རྣ་བ་ནང་བཟུང་ཏེ། ཁྱེད་ཀྱིས་ངའི་གྲྭ་ས་འདི་ལ་བརྟེན་ནས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པ་ཡིན་པས། གྲྭ་ས་འདི་ཀར་བསླབ་སྦྱང་བྱས་ཀྱང་ཉོན་མི་མོངས་པའི་ཡོན་ཏན་འོང་བ་འདུག་རུང། འོན་ཀྱང་འཇིག་རྟེན་གྲགས་སྡེ་དང་བསྟུན་པའི་མཚན་ཉིད་ཀྱི་གྲྭ་ས་ཅིག་ལ་ཡང་ལ་མདོ་ཕྱིན་པ་ཟབ་ཅེས་ཕེབས་པས། སྤྱིར་བླ་མའི་བཀའ་ཡིན་པ་དང། ཁྱད་པར་མངོན་པར་མཁྱེན་པ་ཐོགས་མེད་དུ་མངའ་བས་བསྟན་པ་དང་སེམས་ཅན་ལ་ཕན་པ་འདྲ་སྲིད། ད་ཅི་ནས་ཀྱང་ཕྱི་ཤོལ་དུ་མ་ལུས་པར་འགྲོ་བ་ལེགས་གསུང་བ་བཞིན། ཀུན་མཁྱེན་བྱམས་ཆེན་རབ་འབྱམ་པའི་དྲུང་དུ་ཐེགས་དགོངས་ཏེ། འབྱོར་པ་ཆེ་བ་ནི་མེད། ཉེར་མཁོ་ཕྲན་ཚེགས་རྣམས་སྟ་གོན་མཛད་དེ། དགུང་དུ་ལོ་ཉེར་གཅིག་པ་ལྕགས་མོ་ཡོས་ལ་རྒྱལ་ཆེན་གླིང་ནས་རིམ་པར་བཏེག།
Studies under bsTan pa rab gsal ཐོག་མར་སིལ་མ་ན་ཨ་ནེ་ཐུགས་ཤིན་ཏུ་བརྩེ་བ་ཅིག་ཡོད་པའི་སར་ཐེགས། ཞག་འགའ་བཞུགས། སྐུ་ཟླམ་ཅིག་དང། ཉེར་མཁོའི་ཀ་ཅ་ཕྲན་ཚེགས་ཕུལ་བ་བསྣམས་ཏེ། སླར་རིམ་གྱིས་ཐེགས་པས། འབྲང་བཀྲ་ཤིས་སྒང་དུ་ཉི་མ་ཤར་བ་དང་དུས་འཛོམ་པར། མཚན་ཉིད་པ་སྤོ་ཏི་མདའ་ཚད་འབོག་སྟེང་དུ་རྒྱབ་པ། མཚན་ཡང་དག་པར་བརྗོད་པ་ལ་ཁ་ཏོན་བྱེད་པ་ སྐྱིར་འཇོན།ཅིག་