R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༦ན-༢༢༡
[A:༡༦ན-༢༢༡] ༄༅། །དང་མཇལ། དེ་ལ་དྲུང་པ་གང་ནས་བྱོན། ད་གར་འབྱོན་ཞུས་པས། ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཟེར་ཞིང་བདག་ཅག་བྱམས་ཆེན་ཆོས་སྡེ་ནས་ཡིན། ད་གངས་ཅན་ལྗོངས་ཀྱི་བསྟན་པའི་འབྱུང་གནས་དཔལ་ལྡན་གསང་ཕུར། རྩོད་དུས་ཀྱི་སྡེ་སྣོད་འཛིན་པ་ཐམས་ཅད་ཀྱི་ཅོད་པན་མཁས་པའི་དབང་པོ་བསྟན་པ་རབ་གསལ་གྱི་དྲུང་དུ་འགྲོ་བ་ཡིན་ཟེར་བས། སྐུ་སྐྱེ་བ་དུ་མར་མཁས་པའི་དབང་པོ་དེ་དང་དཔོན་སློབ་དུ་འབྲེལ་བའི་ཐུགས་ཀྱི་བག་ཆགས་སད་པའི་མཐུ་ལས། མཚན་བསམ་པ་ཙམ་གྱིས་ཐུགས་དད་རབ་ཏུ་རྒྱས། བ་སྤུ་གཡོ་ཞིང་ཐུགས་ཉམས་ཁྱད་པར་ཅན་འཁྲུངས། སླར་ཐུགས་ཀྱིས་བསམས་པ་ན་སྤྱིར་གྲོང་འདིའི་མིང་ཡང་ལེགས། ཁྱད་པར་ཁོང་དང་མཇལ་དུས་ཉི་མ་ཡང་ཤར། འཇམ་དཔལ་མཚན་བརྗོད་ཀྱི་ཚིག་མཚམས་དེ་ཡང་ལེགས་པ་ཅིག་བྱུང་བས། སྔོན་ལ་ཕྲད་པ་གྲོགས་ཀྱི་མཆོག་ཟེར་བ་བཞིན། ངེད་རང་ཀྱང་ཁོང་དང་སྡེབས་མཁས་པའི་དབང་པོ་བསྟན་པ་རབ་གསལ་གྱི་དྲུང་དུ་འགྲོ་དགོས་དགོངས་པའི་ཐུགས་འདུན་ཆེ་གཅིག་པ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས། བཤེས་གཉེན་དམ་པ་ཆོས་འཕགས་འཚོལ་བ་ཇི་ལྟ་བས་དགེ་བཤེས་དེ་དང་ལྷན་དུ་ཕྱིར་ཕེབས། དེ་ནུབ་ཨ་ནེའི་སར་བཞུགས། དེ་ནས་རིམ་གྱིས་ཕེབས། མཁས་པའི་དབང་པོ་དཔོན་སློབབཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་ཕོ་བྲང་