R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༦༧བ-༥༢༤
[A:༡༦༧བ-༥༢༤] པའི་ཚེ། བསྟན་པ་སྟོབས་ཀྱིས་འདེགས་པའི་ས་སྐྱོང་བའི་དབང་མོ་ཡུམ་སྲས་ཉེ་བློན་དང་བཅས་པ་སྤྱན་དྲངས་ཏེ། གདུང་ཁང་རིན་པོ་ཆེ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོའི་ངོ་བོར་བསྒྲུབ་ཅིང་མཆོད་པ་དང། བདག་ཉིད་འཇུག་ཅིང་དབང་བླང་བའི་བར་ཡོངས་སུ་བསྒྲུབས་ནས། སླར་རྡུལ་མཚོན་སྤྱན་དྲངས་པ་དང་ཆོས་མཚུངས་པར་ཞལ་འབྱེད་པ་ལ་མངོན་དུ་ཕྱོགས་པའི་ཚེ་ཕོ་ཉ་བ་གཉིས་ཀྱང་འབྱོར། རྒྱལ་བ་ཀརྨ་པའི་ལུང། གདུང་རིན་པོ་ཆེའི་སྐལ་བ་དགོས་ཚུལ་དང། བདག་ཅག་མཆེད་ལའང་སེམས་ངལ་གསོ་བའི་བཀའ་ཤོག་ཀྱང་འདི་ལྟར་ཕེབས། ཀརྨ་པས་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། མཁན་ཆེན་རིན་པོ་ཆེ་ཆོས་གྲུབ་སེང་གེའི་ཉེ་གནས་གཉིས་ལ་བཟློ་བ། ཡི་གེ་གསེར་གྱི་རྟེན་བཅས་འདིར་འཕྲོད། བདག་གི་བླ་མ་དེ་ཤེས་བྱ་ཐམས་ཅད་ལ་ཆགས་པ་དང་ཐོགས་པའི་སྒྲིབ་པ་རིང་དུ་སྤངས་ཏེ། དག་པ་དང་མ་དག་པའི་ཞིང་རྣམས་སུ་བསམ་གྱིས་མི་ཁྱབ་པར་གྱུར་པའི་འཆི་འཕོ་བའི་ཚུལ་སྟོན་ཞིང་སྨོན་ལམ་ཡོངས་སུ་རྫོགས་པ་དང། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་སོགས་མཛད་པའི་ཆོ་འཕྲུལ་བར་མཚམས་མེད་པར་སྟོན་པ་སོགས་ཀྱི་མཛད་པ་མུ་མ་མཆིས་ཤིང། སྐབས་འདིར་མྱ་ངན་ལས་འདའ་བའི་ཚུལ་གྱིས་